[A:60]འདིར་ཐོག་མ་མེད་པའི་སྐྱེ་རྒ་ན་འཆིའི་སྡུག་བསྔལ་མ་ལུས་པ་ཐམས་ཅད་ཕྱུང་ངོ༌། ཞེས་སྐྱིལ་མོ་ཀྲུང་མ་གཤིགས་པ་ཉིད་དུ་བྱང་ཆུབ་ཀྱི་ཤིང་ལ་གཟིགས་པ་ནི་ཆོས་ཉིད་དེ། སངས་རྒྱས་སྟོབས་
གནས་ལས་ཁམས་ཆོས་དབང་པོ་དང༌། །ཀུན་ཏུ་འགྲོ་དང་སྔོན་གྱི་གནས༑༑འཆི་འཕོ་ཟག་པ་མེད་མཁྱེན་པ། །འདི་དག་ཐུབ་པའི་སྟོབས་བཅུའོ། །
བཅུ་མངའ་བ་རྣམས།། གང་དུ་སྨོན་རྫོགས་དབང་བསྐུར་བའི། །ས་ཡི་སྙིང་པོར་ཞག་བདུན་ནི། །རྒྱལ་བའི་སྐྱིལ་ཀྲུང་མི་འཇིག་གོ །ཞེས་སོ། །དེའི་ཚེ་ལྷ་རྣམས་ཀྱིས་སྤོས་ཆུའི་བུམ་པ་སྟོང་ཕྲག་བཅུས་སྐུ་བཀྲུས་སོ། །གཉིས་པ་ལ་ནི་སྟོང་གསུམ་རིང་དུ་འཆག་གོ ། གསུམ་པ་ལ་ནི་བྱང་ཆུབ་ཀྱི་སྙིང་པོ་ལ་གཟིགས་སོ། །བཞི་པ་ལ་ནི་རྒྱ་མཚོའི་བར་དུ་འཆག་སྟེ། དེའི་སྐབས་སུ་སྡིག་ཅན་འོངས་ནས་བཅོམ་ལྡན་འདས་མྱ་ངན་ལས་འདའ་བའི་དུས་ལ་བབས་ཀྱི་འདའ་བར་གསོལ་ཞེས་ཞུས་པས་མ་གནང་ངོ༌། །ལྔ་པ་ལ་ནི་འཛམ་བུའི་གླིང་དུ་ཡུལ་ངན་ཆེན་པོ་བྱུང་ནས། ཀླུའི་རྒྱལ་པོ་བཏང་བཟུང་གི་གནས་སུ་སྤྱན་དྲངས་ཏེ་དེར་གཤེགས་སོ། །དྲུག་པ་ལ་ནི་ཤིང་ནྱ་གྲོ་ཏ་ར་སྐྱོང་གི་དྲུང་དུ་བཞུགས་ཏེ་ཀུན་ཏུ་རྒྱུ་དང་གཅེར་བུ་པ་ལ་སོགས་པས་གོའུ་ཏ་མ་ཡུལ་ངན་ཆེན་པོས་འོ་མ་བརྒྱལ་ལམ་ཞེས་དྲིས་པ་དང༌། ཀུན་ཏུ་རྒྱུ། བདག་ལ། ཆོས་ཐོས་པ་དང་མཐོང་བས་བདེ། །དབེན་པར་དགའ་བ་བདེ་བ་ཡིན། །སྲོག་ཆགས་འབྱུང་པོ་རྣམས་ལ་གདམས། །གནོད་པ་མི་བྱེད་འཇིག་རྟེན་བདེ། །ང་སྙམ་ང་རྒྱལ་གང་འདུལ་བ། །དེ་ཡིས་མཆོག་ཏུ་བདེ་བ་ཡིན། །ཞེས་པ་དང༌། གཞན་ཡང་སྐྱེ་རྒ་ན་འཆིས་ཡོངས་སུ་གདུངས་པའི་འཇིག་རྟེན་ལ་གཟིགས་ནས། གཟུགས་དང་སྒྲ་དང་དྲི་རོ་རེག་རྣམས་ཀྱིས། །འཇིག་རྟེན་འདི་ནི་ཀུན་ཏུ་གདུངས་བར་འགྱུར༑༑སྲིད་པས་འཇིགས་ཤིང་སྲིད་པའི་སྲེད་པ་ཡིས། །ཕྱིར་ཞིང་སྲིད་པ་འཚོལ་