R984: ཆོས་རྗེ་ས་སྐྱ་པཎྜི་ཏས་མཛད་པའི་ཆོས་འབྱུང་ཆེན་མོ།

  • Pagination (Witness A): 62
[A:62]འདི་རྟོགས་ཀྱིས། གཞན་ལ་བསྟན་ཀྱང་ཁོང་དུ་མི་ཆུད་པས་དོན་དུ་མི་འགྱུར་སྙམ་ནས༑ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་ བདག་གིས་བརྙེད། །སུ་ལ་བསྟན་ཀྱང་གོ་བར་མི་འགྱུར་བས། །མི་སྨྲ་ནགས་ཀྱི་ནང་དུ་གནས་པར་བྱ། །ཞེས་གསུངས་ཏེ་ཐུགས་ལས་ཆུང་བ་ལ་གཞོལ་བ་ན། འཇིག་རྟེན་ཀུན་ལ་སྙིང་རྗེ་མཐའ་ཡས་པ། །གཞན་གྱིས་གསོལ་བ་བཏབ་པས་ང་མི་སྟོན། །སྐྱེ་བོ་འདི་དག་ཚངས་ལ་དད་པ་སྟེ། །དེ་ཡིས་གསོལ་བ་བཏབ་ན་འཁོར་ལོ་བསྐོར། །ཞེས་པས་སྨིན་མཚམས་ནས་འོད་ཟེར་སྤྲོས་ཏེ། ཚངས་པ་གཙུག་ཕུད་ཅན་ལ་རེག་པ་དང༌། དེས་ལྷའི་འཁོར་འབུམ་ཕྲག་དྲུག་ཅུ་རྩ་བརྒྱད་དང་བཅས་པ། སངས་རྒྱས་ཀྱི་དྲུང་དུ་ཕྱིན་ཏེ། ཡེ་ཤེས་ཆེན་པོ་མཆོག་གི་དཀྱིལ་འཁོར་བསྒྲུབས་ནས་ནི། །ཕྱོགས་བཅུ་རྣམས་སུ་འོད་ཟེར་རྣམ་པར་འགྱེད་མཛད་དེ༑ ༑ཡེ་ཤེས་ཟེར་གྱིས་མི་ཡི་པདྨོ་ཁ་འབྱེད་པ། །སྨྲ་བའི་ཉི་མ་དེ་རིང་ཅི་སླད་བཏང་སྙོམས་བཞུགས། །ཞེས་ཞུས་པ་ན། ཅིའང་མི་གསུང་བས་གནང་བ་སླར་ཡང༷་འགྱུར༷་རོ༷། །ཡང་ཚངས་པས་བཅོམ་ལྡན་འདས་ཀྱིས་བདུད་རྩི་བརྙེས་ཀྱང་ཐུགས་ལས་ཆུང་བ་ལ་གཞོལ་བས་སེམས་ཅན་རྣམས་མ་རུངས་པར་འགྱུར་རོ། ། ཞེས་བརྒྱ་བྱིན་སྦྲན་པ་དང༌། བརྒྱ་བྱིན་གྱིས། ཟླ་བ་ཉ་བ་གཟའ་ལས་ཐར་པ་ལྟར། ཁྱོད་ཀྱི་ཐུགས་ནི་ཤིན་ཏུ་རྣམ་པར་གྲོལ། །གཡུལ་ལས་རྣམ་པར་རྒྱལ་བབཞེངས་གསོལ་ཏེ། །འཇིག་རྟེན་མུན་པར་ཤེས་རབ་འོད་དབྱུང་གསོལ། །ཞེས་པ་དང༌། ཚངས་པས། གཡུལ་ལས་རྣམ་པར་རྒྱལ་བ་བཞེངས་སུ་གསོལ། །འཇིག་རྟེན་མུན་པར་ཤེས་རབ་འོད་དབྱུང་གསོལ། །ཀུན་ཏུ་འཚལ་བར་མི་འགྱུར་མཆིས་ལགས་ཀྱིས༑༑ཐུབ་པ་འོད་ཀྱི་ཆོས་ནི་བསྟན་དུ་གསོལ། །ཞེས་ཞུས་པའི་ལན་དུ། ཚངས་