[A:28]ནི་ཨཱ་ག་མ་ཞེས་པ་ཡིད་ཆེས་པ་མི་བསླུ་བའི་དོན་གྱིས་ན་ལུང་སྟེ། རྣམ་འགྲེལ་ལས༑ ལུང་ནི་ཡིད་ཆེས་ཚིག་ཡིན་ཏེ། །ཉེས་པ་སྤངས་ཕྱིར་བརྫུན་གྱི་ཚིག །སྨྲ་བར་མི་འགྱུར་རྒྱུ་མེད་ཕྱིར། །ཉེས་ཟད་ལུང་དུ་ཤེས་པར་བྱ། །ཞེས་སོ། ༈ ། གཉིས་པ་
རྒྱུའི་ཁྱད་པར་ནི་
ཆོས་ཀྱི་རྒྱུ་མཐུན་པའི་རྒྱུ་ལས་བྱུང་ཞིང་བྱེད་པའི་ཁྱད་པར་
ལམ་གྱི་དམིགས་པ་གསལ་པོ་སྟོན་པར་བྱེད་ཐབས་ཀྱིས་གཞན་གྱི་རྒྱུད་ལ་རྟོགས་པ་ཁྱད་པར་ཅན་སྐྱེ་བར་བྱེད་པའི་རང་གི་ངོ་བོའི་ཁྱད་པར་
མིང་ཚིག་ཡི་གེའི་ཚོགས་ཀྱིས་བསྡུས་པ་མཐའ་དག་
ཞེས་པའམ། ཡང་ན་རྟོགས་པར་བྱེད་པའི་ཐབས་སྟོན་པའི་མིང་ཚིག་ཡི་གེའི་ཕྲེང་བ་ཞེས་
འཆད་དེ་ལེགས་སོ། ༈ །གསུམ་པ་ནི་གྲུབ་མཐའི་དབང་གིས་ཐ་དད་དུ་འགྱུར་ཏེ། མཛོད་ལས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དག །གང་རྣམས་ཐུབ་པས་གསུངས་དེ་དག །ཚིག་གམ་མིང་ཡིན་དེ་དག་ཀྱང༌། །གཟུ གས་དང་འདུ་བྱེད་དག་ཏུ་འདུས། །ཞེས་པས་བྱེ་བྲག་སྨྲ་བས་མིང་སྒྲ་སྤྱི་གཟུགས་སེམས་བྱུང་བ་གསུམ་ལས་ཐ་དད་པའི་མི་ལྡན་པའི་འདུ་བྱེད་དུ་འདུས་པར་འདོད་ལ༑ མདོ་སྡེ་པས་སྒྲ་རང་གི་མཚན་ཉིད་ཕུང་པོ་ལྔ་ལས་གཟུགས་ཀྱི་ཕུང་པོར་འདུས་པར་འདོད་ཅིང༌། སེམས་ཙམ་པས་ལུང་ཆོས་ཀྱི་མཚན་གཞི་ཆོས་ལྔ་ལྡན་ཏེ༑ ངོ་བོ་རྣམ་རིག་སྣ་ཚོགས་དང༌། རྣམ་པར་སྦྱར་བ་རྐྱང་པའི་སྒྲ་སྣ་ཚོགས་དང༌། རྒྱུད་ཉན་པ་པོའི་རྒྱུད་ཀྱིས་བསྡུས་པ་དང༌། བྱེད་པ་མངོན་པར་འདོད་པའི་དོན་ཁྱད་པར་ཅན་ལ་བརྡ་སྤྲོད་པར་བྱེད་པ་ཡིན་ལ། རྣམ་རིག་གི་ཚོགས་བརྒྱད་ལས་ཀུན་གཞི་དང་ཉོན་ཡིད་དང༌། སྒོ་ལྔའི་རྣམ་པར་ཤེས་པ་མ་ཡིན་གྱི་དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པ་དེ་ལ་ཡང་རྟོག་བཅས་རྟོག་མེད་གཉིས་ལས་སྒྲ་སྤྱི་འཛིན་པའི་རྟོག་པའོ་ཞེས་འདོད་དོ། །འོན་ཀྱང་དངོས་པོ་དང་ཞེན་པའི་བརྗོད་བྱ་རྗོད་བྱེད་