[A:88]སྦས་ལ་གཏོད་ཅིག བཅོམ་ལྡན་འདས་ཀྱིས་ང་འདས་ནས་ལོ་བརྒྱ་ལོན་པ་ན། མཚན་དང་མི་ལྡན་པ་ཞེས་བྱ་བ་སངས་རྒྱས་ཀྱི་བྱ་བ་ཐམས་ཅད་བྱེད་དོ་ཞེས་ལུང་བསྟན་ཏོ་ཞེས་སྨྲས་སོ། །དེ་ནས་མ་སྐྱེས་དགྲས་ཀུན་དགའ་བོ་མཉམ་ཀའི་གྲོང་དུ་གཤེགས་པར་ཞུས་ཤིང་ལི་ཙ་བྱི་རྣམས་ཀྱིས་ཡངས་པ་ཅན་དུ་གཤེགས་པར་ཞུས་པས་མ་གནང་པར་གངྒཱའི་དབུས་སུ་རྫུ་འཕྲུལ་གྱིས་བཞུགས་སོ། །དེའི་ཚེ་དྲང་སྲོང་ཉི་མའི་གུང་ཞེས་བྱ་བ་འཁོར་ལྔ་བརྒྱ་དང་བཅས་པ་རྫུ་འཕྲུལ་གྱིས་དེར་འོངས་པ་དང༌། ཆུའི་དབུས་སུ་ས་གཞི་སྤྲུལ་ནས་གསོལ་བ་དང་བཞིའི་ལས་ཀྱིས་དགྲ་བཅོམ་པའི་འབྲས་བུ་ཐོབ་ཟེར་ཏེ་རབ་བཟང་བཞིན་དུ་མྱ་ངན་ལས་འདའ་བར་ཞུས་པས་མ་གནང་བར་ཁྱོད་ཁ་ཆེར་སོང་ལ་སངས་རྒྱས་ཀྱི་བསྟན་པ་ཟུངས་ཤིག་དང༌། བཅོམ་ལྡན་འདས་ཀྱིས་ལུང་བསྟན་ཏེ། ང་འདས་ནས་ལོ་བརྒྱ་ལོན་པ་ན་དགེ་སློང་ཉི་མའི་གུང་ཞེས་བྱ་བ་འགྱུར་རོ་(འབྱུང་ངོ་)། །ཞེས་སོ། །དེ་ནས་ཉི་མའི་གུང་གིས་ཁ་ཆེར་ཀླུ་གདུག་པ་ཅན་བཏུལ་ནས་ཡུལ་བྱས་ཏེ་རི་སྤོས་ངད་དང་ལྡན་པ་ནས་གུར་གུམ་བླངས་ཏེ་བཏབ་ནས་འཁོར་དགྲ་བཅོམ་པ་ལྔ་བརྒྱ་དང་ལྷན་ཅིག་ཏུ་གནས་སོ། །མདོར་ན་ཤ་ནའི་གོས་ཅན་གྱིས་ཉེར་སྦས་རབ་ཏུ་བྱུང་ནས་གཏད་ཅིང་དེས་ཉི་མའི་གུང་པ་ལའོ། །དེས་ནག་པོ་ལའོ། །དེས་ལེགས་མཐོང་ལའོ། ༈ །བསྡུ་བ་གཉིས་པ་ནི་ཡངས་པ་ཅན་གྱི་དགེ་སློང་ཁ་ཅིག་གིས་རྙེད་པ་དང་བཀུར་སྟིའི་ཕྱིར་དམ་པའི་ཆོས་འདུལ་བ་དང་འགལ་བ་ཆང་རྒྱུ་མར་བླུག་ནས་འཐུང་བ་དང༌། ཕྱི་དྲོའི་ཁ་ཟས་ལན་ཚྭ་ཅན་ཟོས་ན་ཉེས་པ་མེད་པ་ལ་སོགས་པ་མི་རུང་བའི་གཞི་བཅུ་བྱས་པ་བསལ་བའི་ཕྱིར། དུས་ཐུབ་པ་འདས་ནས་ལོ་བརྒྱ་རྩ་བཅུ་ན་གྲོང་ཁྱེར་ཡངས་པ་ཅན་དུ་རྒྱལ་པོ་དྷརྨ་ཨ་ཤོ་ཀ་ཆོས་རྒྱལ་མྱ་ངན་