R984: ཆོས་རྗེ་ས་སྐྱ་པཎྜི་ཏས་མཛད་པའི་ཆོས་འབྱུང་ཆེན་མོ།

  • Pagination (Witness A): 91
[A:91]
འགྱུར་བས་
དགེ་བ། བར་དུ་
བསམ་ན་དགའ་བའི་རྒྱུར་འགྱུར་བས་
དགེ་བ། མཐའ་མར་
བསྒོམ་ན་ཉོན་མོངས་པ་སེལ་བའི་རྒྱུར་འགྱུར་བས་
དགེ་བ། དོན་
ཐ་མ་བདེན་པ་བཞི་སྟོན་པ་
བཟང་པོ། ཚིག་འབྲུ་
བཟུང་སླ་བས་
བཟང་པོ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། ཚངས་པ་སྤྱོད་པ་ཞེས་སོ། །མདོར་ན་དོན་དང་བྱེད་པ་འབྲས་བུ་གསུམ་དང་ལྡན་པས་ཏེ། རྒྱུད་བླ་མ་ལས། གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་ཞིང༌། ཁམས་
མུ་སྟེགས་བྱེད་པ་བཀོན་བུ་ཚལ་བས།༷ རང་བཞིན་གྱི་དག་པས་ཡོངས་སུ་མངོན་དུ་བྱེད་དུས་
གསུམ་ཉོན་མོངས་ཀུན་ནས་སྤོང་བྱེད་གསུང༌། ཞི་བའི་ཕན་ཡོན་སྟོན་པར་མཛད་པ་གང༌། །དེ་ནི་དྲང་སྲོང་གསུང་ཡིན་བཟློག་པ་གཞན། །ཞེས་སོ། ། ཡང་ན་བརྗོད་བྱ་བསླབ་པ་གསུམ་སྟོན་པ་དང༌། རྗོད་བྱེད་ངག་ཚིག་གི་དྲི་མ་མེད་པ་དང༌། སྒྲུབ་བྱེད་ཚད་མ་གསུམ་དང་ལྡན་པ་དང༌། འབྲས་བུ་ཕན་པ་གསུམ་བྱེད་པའི་ཆོས་བཞི་ལྡན་ཏེ། བསླབ་པ་གསུམ་སྟོན་ངག་ཚིག་དྲི་མ་མེད། །ཚད་མ་གསུམ་ལྡན་ཐོག་མཐའ་བར་དགེ་བ། །འདི་ནི་ཆེན་པོའི་བསྟན་པར་རྒྱལ་བས་གསུངས༑ ༑བཟློག་པ་གཞན་གྱི་གཞུང་དང་གཞུང་གཞན་ཡིན། །ཞེས་སོ། ། མཚན་ཉིད་ནི་ངག་གང་ཞིག་དངོས་ཀྱི་བདག་རྐྱེན་སངས་རྒྱས་ལས་བྱུང་བ་སྟེ། ངག་ཅེས་པས་དངོས་མེད་དང༌། ཤེས་པ་དང༌། བདག་རྐྱེན་སངས་རྒྱས་ལས་བྱུང་ཞེས་པས་མུ་སྟེགས་ཀྱི་གཞུང་དང་དངོས་ཀྱི་ཞེས་པས་བསྟན་བཅོས་རྣམས་བཅད། དབྱེ་ན་དྲུག་སྟེ། དུས་དང༌། གདུལ་བྱ། བརྗོད་བྱ། བརྗོད་ཚུལ། གཉེན་པོ་དང༌། བདག་རྐྱེན་གྱི་སྒོ་ནས་དབྱེ་བའོ། །དང་པོ་དུས་ནི་བཀའ་འཁོར་ལོ་གསུམ་སྟེ་གོང་དུ་བཤད་ཟིན་ཏོ། །གཉིས་པ་གདུལ་བྱའི་འཁོར་གྱིས་དབྱེ་ན་དབང་པོ་རྣོན་པོ་ལ་གསང་སྔགས་དང༌། བརྟུལ་པོ་ལ་མཚན་ཉིད་ཀྱི་ཐེག་པ་གཉིས་ཏེ། རྒྱུད་ཐུན་མོང་