[A:93]ཀྱིས་བསྙད་པའི་སྡེ་དང༌།
ཤཱ་རིའི་བུ་ལྟ་བུ་
ལུང་བསྟན་པའི་སྡེ། ཚིགས་སུ་བཅད་པ་འབའ་ཞིག་པ
འི་སྡེ་དང༌། སོར་མོའི་ཕྲེང་བ་ལ་དམིགས་པ་ལྟ་བུ་
ཆེད་དུ་བརྗོད་པ་དང༌། ཝཱ་རཱ་ཎ་སཱིར་ཞེས་པ་ལྟ་བུ་
གླེང་གཞི་དང༌། དཔེའི་སྒོ་ནས་དོན་གྱི་
རྟོགས་པ་བརྗོད་པ་དང༌། སྔོན་གྱི་བྱུང་ཚུལ་
དེ་ལྟ་བུ་བྱུང་བ་དང༌། བྱང་ཆུབ་སེམས་དཔའི་
སྐྱེས་པ་རབས་ཀྱི་མདོ་
དང༌། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་བརྗོད་བྱ་བསྟན་པ་
ཤིན་ཏུ་རྒྱས་པ་དང༌། རིགས་ཅན་གསུམ་གྱི་ངོ་མཚར་སྟོན་པ་
ཆེས་རྨད་དུ་བྱུང་བའི་མདོ་དང༌། ཆོས་ཀྱི་མཚན་ཉིད་སྟོན་པ་
རྣམ་པར་གཏན་ལ་དབབ་པའི་སྡེའོ། །དེ་ལ་དང་པོ་ལྔ་ཉན་ཐོས་ཀྱི་མདོ་སྡེའི་སྡེ་སྣོད་དང༌། དེ་ནས་བཞི་གཉིས་ཀའི་འདུལ་བ་དང༌། དེ་ནས་གཉིས་གཉིས་ཀའི་བྱང་ཆུབ་སེམས་དཔའི་མདོ་སྡེ་དང༌། ཐ་མ་གཉིས་ཀའི་མངོན་པའི་སྡེ་སྣོད་དེ་རང་སངས་རྒྱས་ཉན་ཐོས་ཀྱི་ཁོངས་སུ་བསྡུའོ།། །།
༈ ལྔ་པ་གཉེན་པོས་དབྱེ་ན། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་སྟེ། མཛོད་ལས། སྤྱོད་པ་རྣམས་ཀྱི་གཉེན་པོར་ནི། །ཆོས་ཀྱི་ཕུང་པོ་མཐུན་པར་གསུངས། །ཞེས་སོ།། །།
༈ དྲུག་པ་ལ་གསུམ་སྟེ། དངོས་སུ་ཞལ་ནས་གསུངས་པ་དང༌། བྱིན་གྱིས་བརླབས་པ་དང༌། རྗེས་སུ་གནང་བའི་བཀའོ། །དང་པོ་ནི་འཕགས་པ་སྡུད་པ་ལྟ་བུའོ༑༑ ༈གཉིས་པ་ནི་སའི་སྙིང་པོའི་སྤྱི་བོར་ཕྱག་གཡས་པ་གསེར་གྱི་མདོག་ཅན་བཞག་པས་མདོ་སྡེ་ས་བཅུ་པ་གསུངས་པ་སྐུ་ཡིས་དང༌། རབ་འབྱོར་ཁྱོད་བྱང་ཆུབ་སེམས་དཔའ་རྣམས་ལས་བརྩམས་ཏེ་ཡུམ་ལ་སྤོབས་པར་བྱོས་ཤིག་གསུངས་པས་རབ་འབྱོར་གྱིས་ཡུམ་བསྟན་པ་ལྟ་བུ་གསུང་གིས་དང༌། བཅོམ་ལྡན་འདས་ཟབ་མོ་སྣང་བ་ཞེས་བྱ་བ་ལ་སྙོམས་པར་ཞུགས་ནས་ཤཱ་རིའི་བུ་ལ་དྲི་བ་དང༌།