R984: ཆོས་རྗེ་ས་སྐྱ་པཎྜི་ཏས་མཛད་པའི་ཆོས་འབྱུང་ཆེན་མོ།

  • Pagination (Witness A): 108
[A:108]མཁྱེན་གཞན་མིན་པ། །དེ་ཕྱིར་དྲང་སྲོང་རང་ཉིད་ཀྱིས་བཞག་མདོ་སྡེ་གང་ཞིག་དེ་མི་དཀྲུག །ཐུབ་ཚུལ་གཞིག་ཕྱིར་དེ་ནི་དམ་ཆོས་ལ་ཡང་གནོད་པ་བྱེད་པར་འགྱུར༑ ༑ཞེས་སོ། །བཞི་པ་ལ་གསུམ་ལས། སྦྱོར་བ་ནམ་མཁའ་མཛོད་ཀྱི་མདོ་ལས༑ དུལ་བ་དང་ནི་ཞི་བ་དང༌། །གྲོལ་བས་གྲོང་དུ་ཞུགས་ནས་ཀྱང༌། །སེམས་ཅན་གང་དག་ཆོས་འཚོལ་བ། །དེ་ལ་བདག་ཅག་ཆོས་སྟོན་ཏོ། །ཞེས་གདུལ་བྱ་དད་པའི་ཕྱིར། ལུས་ངག་གི་སྤྱོད་ལམ་ཞི་ཞིང་དུལ་བར་བྱ་བ་དང༌། བཤད་པ་མཐར་ཕྱིན་པར་བྱ་བའི་ཕྱིར་དཀོན་མཆོག་མཆོད་ཅིང་གཟུངས་སྔགས་བྱིན་རླབས་ཅན་གདོན་པ་དང༌།
ལོ་ཙཱ་བ་གཙུག་ཏོར་དྲི་མེད་འདོན་སྐད།
མཐར་ཐུག་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་བྱང་ཆུབ་ཏུ་སེམས་བསྐྱེད་དེ། སྒོ་གསུམ་རྒྱལ་བའི་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས་ནས་ཆོས་ཀྱི་རྒྱལ་པོ་བདག་སེང་གེའི་ཁྲི་ལ་བཞུགས་པའི་ང་རྒྱལ་བྱ་སྟེ། མཉེན་པ་དང་འཇམ་པ་དང་སྙན་པ་དང༌། ཡིད་དུ་འོང་བ་ལ་སོགས་པ་གསུང་ཡན་ལག་དྲུག་ཅུས་གདུལ་བྱ་དང་འཚམས་པའི་ཆོས་སྣ་ཚོགས་འབྱུང་བར་བསམ་མོ། །དངོས་གཞི་ཕ་རོལ་ཏུ་ཕྱིན་པ་དྲུག་ལྡན་དུ་བྱ་བ་སྟེ༑ དཔེ་མཁྱུད་མེད་པར་སྟོན་པ་དང༌། སྒོ་གསུམ་གྱི་ཉེས་སྤྱོད་སྡོམ་པ་དང༌། དཀའ་སྤྱད་བཟོད་པ་དང༌། ཆོས་འཆད་པ་ལ་སྤྲོ་བ་དང༌། སེམས་མ་ཡེངས་པ་དང་༑ ཚིག་དོན་ལ་དཔྱོད་ཅིང་འཆད་པའོ། །རྗེས་ནོངས་པ་བཟོད་པར་གསོལ་བ་དང་༑ དགེ་བ་བསྔོ་བ་དང༌། སྟོང་པའི་རྒྱས་གདབ་པའོ།། །། ༈ གཉིས་པ་མཉན་པའི་ཚུལ་གསུམ་སྟེ། ཉན་པ་པོའི་ཁྱད་པར་དང༌། གང་གིས་མཉན་ཐབས་ཀྱི་ཡན་ལག་དང༌། ཇི་ལྟར་མཉན་པའི་ཚུལ་ལོ། །དང་པོ་ནི་བཞི་རྒྱ་པ་ལས། གཟུར་གནས་བློ་ལྡན་དོན་གཉེར་བ། །ཉན་པོ་སྣོད་ཅེས་བྱ་