R1247: བླ་མ་དགེ་སྦྱོང་ཆེན་པོའི་རྣམ་ཐར།

  • Pagination (Witness A): 244
[A:244]གཉིས་ལྡན་ལ་ཕྱག་འཚལ། ཅེས་སོ། དེ་ནས་ར་ས་དགའ་ལྡན་དེ་ཉིད་དུ་ཕྱི་ནང་གི་སྤྲོས་པ་བཅད་ནས་ལོ་དགུ་སྐུ་འཚམས་དམ་པོ་ལ་བཞུགས་སོ། དེའི་དུས་སུ་ཏིང་ངེ་འཛིན་གྱི་བོག་ཆེ་བར་བྱུང་ཞིང་། རེས་འགའ་འཁོར་བའི་གནས་ལུགས་མཐོང་ནས་ཞེན་པ་ལོག་སྟེ། གཅིག་པུ་མི་མེད་པའི་རི་ཁྲོད་དུ་འགྲོ་དགོས་སྙམ་པ་བྱུང་གསུང་། རེས་འགའ་འཁོར་བའི་རྡུལ་གྱི་རྒྱུ་མི་དགེ་བ་ལ་སྤྱོད་པ་རྣམས་དང་། འབྲུས་ངན་པོ་རྣམས་ཀྱི་སྡུལ་མཐོང་ནས། སྙིང་རྗེ་སྐྱེས་ཏེ། སྤྱན་ཆབ་རྒྱུན་མི་འཆད་པ་ཡང་བྱུང་གསུང་། རེས་འགའ་རང་དགེ་སྦྱོར་འཕེལ་ཞིང་། གཞན་མཆེད་གྲོགས་སྒོམ་བྱེད་པ་རྣམས་ཀྱི་བསྒོམ་ཁང་མཐོང་བ་ཙམ་གྱིས། ཡིད་དགའ་ཞིང་དག་སྣང་ཆེན་པོ་སྐྱེ་བ་དང་། བླ་མའི་བཀའ་དྲིན་དྲན་ནས་མོས་གུས་ཆེན་པོ་སྐྱེ་བ་དང་། རེས་འགའ་ཆོས་ཉིད་ཀྱི་སྐུ་སྒྱུ་མ་ལྟ་བུའི་ཡེ་ཤེས་ཀྱི་གཟུགས་བརྙན་རང་གི་སེམས་ལ་གནས་པ་ངོ་མ་ཤེས་པའི་སེམས་ཅན་རྣམས་ལ་སྙིང་ཆེན་པོསྐྱེས་ནས། འདི་ལྟ་བུའི་ཆོས་ཉིད་ཟབ་མོ་ཐམས་ཅད་ལ་སྟོན་དགོས་སྙམ་པ་ཡང་བྱུང་གསུང་། རེས་འགའ་ནང་དུ་སྣང་སྟོང་འོད་གསལ་གྱི་ཏིང་ངེ་འཛིན་ལ་སོང་བའི་ཚེ། བུད་མེད་ཀྱི་གླུ་དབྱངས་སྙན་པས་བསྟོད་པའི་ཚིགས་སུ་བཅད་པ་གྲག་ཅིང་། བསྒྲུབ་ཁང་གི་ཕྱི་རོལ་ཐམས་ཅད་བུད་མེད་རྒྱན་ཆ་ཅན་དུ་མ་ཞིག་ལག་པ་སྦྲེལ་ནས་སྐོར་བ་བྱེད་ཅིང་གླུ་ལེན་པའི་སྣང་བ་བྱུང་། ཉམས་སྣང་