R1247: བླ་མ་དགེ་སྦྱོང་ཆེན་པོའི་རྣམ་ཐར།

  • Pagination (Witness A): 245
[A:245]དང་སྒྲ་སྙན་ཡིན་སྙམས་ནས་མཉམ་པར་བཞུག་ཀྱང་། ཤིན་ཏུ་གསལ་བར་བྱུང་ནས། བལྟས་པས་ཅི་ཡང་མི་འདུག ། དེ་ནས་སྒྲ་སྙན་ལ་རྒྱུན་ཆད་མེད་གསུང་། དེ་ལ་འདི་སྐད་ཅེས་བསྟོད་པ། གསང་སྔགས་ཐབས་མཁས་རླུང་བཅུ་དབང་དུ་འདུས། ཏིང་འཛིན་སྒོ་མང་བྱེ་བ་དུ་མ་གཟིགས། སྐུ་གསུང་ཐུགས་ལ་མི་འགྱུར་བདེ་བས་ཁྱབ། ཨེ་ཝཾ་དོན་རྟོགས་དགེ་སྦྱོང་ལ་ཕྱག་འཚལ། ཅེས་སོ། དེ་ལ་སོགས་པ་མཉམ་བཞག་ཐུན་རེའི་ཉམས་མྱོང་། གཟུགས་སྒྲ་དྲི་རོ་རེག་བྱའམ། ལྔ་ལྔཉི་ཤིུ་རྩ་ལྔའི་ཉམས་མྱོང་བརྗོད་ཀྱིས་མི་ལང་པ་བྱུང་། དེ་ནས་སེ་མཁར་ཆུང་དུ་བླ་མ་ཞང་ཀུན་སྤངས་ཆེན་པོའི་དྲུང་དུ་བྱོན་ནས། འབྲོ་པའི་ལུགས་ཀྱི་སྦྱོར་དྲུག་གི་འཁྲིད་ངོ་སྤྲོད་རྒྱས་པ། དུས་འཁོར་ཞབས་པའི་སྙན་རྒྱུ། རོ་བཅུད་དཔེ་དོན། ཡེ་ཤེས་སྤྱན་བསྒྲུབ་ཉི་ཟླ་བསྒྲུབ་པ། སྦས་པ་མིག་འབྱེད་ལ་སོགས་པ་མང་དུ་ཞུས་ཤིང་། དབྱར་རྒྱུན་གཉིས་ཙམ་དེར་བསྒམས་པས་བགོ་ཆེ་བར་བྱུང་གསུང་། དེ་ལ་འདི་སྐད་ཅེས་བསྟོད་པ། ཡང་དག་བླ་མ་མཆོག་ལ་ལེགས་བཏུད་ཅིང་། མདོ་རྒྱུད་གདམས་པའི་སྒྲོན་མ་ལེགས་བཟུང་ནས། གདུལ་བྱའི་བློའི་མུན་པ་སེལ་མཛད་པ། དེག་སྦྱོང་ཡེ་ཤེས་སྒྲོན་མ་ལ་ཕྱག་འཚལ། ཅེས་སོ། དེ་ནས་ཡང་དགའ་ལྡན་དུ་བྱོན་ནས་ཐུགས་དམ་མཛད་པས། དཔལ་རི་ཁྲོད་དབང་ཕྱུག་བྱོན་ནས་