R1247: བླ་མ་དགེ་སྦྱོང་ཆེན་པོའི་རྣམ་ཐར།

  • Pagination (Witness A): 243
[A:243]མ་སླེབ་པས། ཐུགས་ཅུང་ཟད་སྐྱོ་ཞིང་ཡོད་པ་ལ། ཟླ་བ་འགའ་ཞིག་ནས་བེ་རི་དགེ་སློང་འདས་ཟེར་ནས། འདམ་པ་ལོག་བྱུང་བ་ལ། བླ་མ་ཡེ་པས། འདམ་པ་ཁྱོད་ཀྱིས་ངའི་དགེ་སློང་བཟང་པོ་དེ་གང་དུ་བསྐྱལ། ད་ལྟ་རང་ཁྲིད་ལ་ཤོག་གསུང་ནས། བཀའ་བཀྱོན་པ་གསན་ནས། དགེ་སྦྱོང་གི་གསུང་གི། ང་ཕྱིན་གྲོགས་པོ་བཟང་པོ་དེ་ཤི་ན་ངོ་ཚ་ནས། བོད་དུ་འོང་མི་ནུས། ཕ་ཀིར་བསྡད་ན་འཆི་བས་མ་ཕྱིན་པ་ལེགས་འདུག ། བླ་མ་དུས་འཁོར་བ་ལ་མངོན་ཤེས་བྱུང་། བཀའ་དྲིན་ཆེ་གསུང་། དེ་ནས་དཔལ་ལྡན་ས་སྐྱ་རུ་བྱོན་ནས། དཔོན་དོན་གྲུབ་དཔལ་གྱི་འདས་མཆོད་མཛད་ཅིང་གདའ། དེའི་ཚེ་བདག་ལའང་ཤོག་གསུངས་ནས། ཁྱོད་ཀྱིས་སློབ་དཔོན་ཀུན་དགའ་ཤེས་རབ་ཀྱི་དྲུང་དུ་ཁྲིད་རོགས་གྱིས། སྦྱོར་བ་ཡན་ལག་དྲུག་པའི་ཁྲིད་ཞུ་བ་ཡིན་གསུངས་ནས། བདག་ཅག་གི་ཞབས་ཏོག་བགྱིས་ཏེ། ར་ས་དགའ་ལྡན་དུ་གདན་དྲངས་ནས། བླ་མ་ཀུན་དགའ་ཤེས་རབ་ལ་འཁྲིད་ཞུས་པས། ཐུགས་དམ་བཟང་པོ་བྱུང་ནས། ཐུགས་ཆེས་པར་གྱུར་ཏེ། བསྒོམ་མཛད་ཅིང་དུས་འཁོར་རྒྱུད་འགྲེལ་ལ་སློབ་གཉེར་མཛད་པས། དྲང་དོན་ངེས་དོན་ཀུན་ཐུགས་སུ་ཆུང་པར་གྱུར་ཏོ། དེ་ལ་འདི་སྐད་ཅེས་བསྡོམ། ཡང་དག་ཏིང་ངེ་འཛིན་ལ་སྙམས་ཞུགས་པས། བདེ་གཤེགས་སྙིང་པོ་ཆོས་ཉིད་མངོན་གསུམ་གཟིགས། གསུང་རབ་སྙིང་པོ་དུས་འཁོར་ལེགས་དགོངས་པ། དེག་སྦྱོང་མཁྱེན་པ་