R1247: བླ་མ་དགེ་སྦྱོང་ཆེན་པོའི་རྣམ་ཐར།

  • Pagination (Witness A): 247
[A:247]ཚོགས་མང་པོ་ཡོད་དེ་འོང་སྙམ་པ་བྱས་ཙ་ན། བར་སྣང་དུ་སྲིན་པོ་ཤ་ཟའི་འཇིགས་པའི་གཟུགས་ཅན་དུ་མ་གར་བྱེད་ཅིང་འདུག ། འོ་ན་དུར་ཁྲོང་དུ་མགོན་པོ་ཀླུ་སྒྲུབ་ལ་སོགས་པ་གྲུབ་ཐོབ་མང་པོ་ཡང་བཞུགས་པ་མིན་བསམ་ཙ་ན། ནམ་མཁའ་རུ་མགོན་པོ་ཀླུ་སྒྲུབ་ལ་སོགས་གྲུབ་ཆེན་དུ་མ་གར་མཛད་ཅིང་སྣང་། དེས་ན་འཁོར་འདས་ཐམས་ཅད་རང་སེམས་དག་མ་དག་ཏུ་གདའ་བས་དག་སྣང་སྦྱང་དགོས་གསུང་། དེ་ལ་འོ་སྐོལ་གྱི་དག་སྣང་སྦྱང་ལུགས་འདི། སྟོང་གཟུགས་བསྒམས་ནས། སྣང་བ་འདི་སྐུ་དང་ཞིང་ཁམས་དག་པར་སྦྱོང་བ་ཡིན་གསུང་། དེ་ལ་འདི་སྐད་ཅེས་བསྟོད་པ། ཡང་དག་ཏིང་འཛིན་མཆོག་ལ་ལེགས་སྦྱངས་པས། འཁོར་འདས་ཡེ་ཤེས་སྒྱུ་མར་རོ་གཅིག་གཟིགས། གདུལ་བྱ་དེ་འདྲའི་ལམ་ལ་འགོད་མཛད་པ། དགེ་སྦྱོང་བླ་མ་མཆོག་ལ་གུས་ཕྱག་འཚལ། ཅེས་སོ། མདོར་ན་སྣང་སྟོང་གཟུགས་སྐུ་རྟག་ཏུ་གཟིགས་པ་སྤྲུལ་སྐུའི་ཏིང་ངེ་འཛིན་དང་། གྲག་སྟོང་གི་སྒྲ་རྒྱུན་ཆད་མེད་པ། ལོངས་སྐུའི་ཏིང་ངེ་འཛིན་དང་། གསལ་སྟོང་འོད་གསལ་ངང་དུ་རྟག་པར་བཞུགས་པ། ཆོས་སྐུའི་ཏིང་ངེ་འཛིན་དང་། བདེ་སྟོང་འོད་གསལ་གྱི་ཉམས་རྗེས་འདྲེས་པ་ངོ་བོ་ཉིད་ཀྱི་སྐུའི་ཏིང་ངེ་འཛིན་ཏེ། སྐུ་བཞིའི་བདག་ཉིད་དུས་བདེ་བ་ཆེན་པོ་དང་། འཁོར་ལོ་སྟོང་པའི་གཟོགས་ཁྱེར་མེད་པའི་བདག་ཉིང་དུ་བཞུགས་པར་དང་ལྡན་གྱི་སྐྱེས་བུ་ཤེས་རབ་གསུམ་