R1247: བླ་མ་དགེ་སྦྱོང་ཆེན་པོའི་རྣམ་ཐར།

  • Pagination (Witness A): 239
[A:239]ཤེས་དང་བཀའ་དྲིན་དྲན་པར་བྱུང་གསུང་། ཡང་དུས་ཅིག་ན། བཞུགས་ཁྲིའི་འོག་ནས་ར་གན་གྱི་འགུ་ཆེ་ཅིག་དང་། ཤིང་ཕོར་རྩི་མེད་ཅིག་བཏོན་ནས། དགེ་སྦྱོང་འདི་དག་ཟུང་། དུས་ཆེན་དགོས་པ་ཡིན་གསུང་། ཕྱིས་བྱ་བ་བཏང་ནས་རི་ཁྲོད་དུ་འགྲོ་ཙ་ན། སྣོད་སྤྱད་དེ་གཉིས་ལ་བརྟེན་དགོས་པ་བྱུང་། བླ་མའི་མངོན་ཤེས་དྲན་ཅིང་མོས་གུས་འཕེལ་གསུང་། ཡང་འཕོ་བའི་གདམས་པ་ཟབ་མོ་གནང་ནས། དགེ་སྦྱོང་འདི་ལྟ་བུ་ཡང་སྦྱང་དགོས་པ་ཡིན་གསུང་། ཁོང་པས་ཀྱང་བརྩོན་གྲུས་ཀྱིས་སྦྱངས་པས་འཕོ་ནུས་པའི་རྟགས་བྱུང་གསུང་། དེ་ནས་བླ་མའི་ཏིང་ངེ་འཛིན་དང་། མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་ཡང་མང་དུ་མཐོང་། ཐུགས་རྗེས་ཀྱང་བཟུང་། མོས་གུས་མཐར་ཕྱིན་རྗེའི་ཡོན་ཏན་གཟིགས། སྐལ་ལྡན་མཆོག་གྱུར་དགེ་སྦྱོང་ལ་ཕྱག་འཚལ། ཅེས་སོ།། དེ་ནས་འགྲོ་བའི་མགོན་པོ་ཆོས་ཀྱི་རྒྱལ་པ་རིན་པོ་ཆེ་སྐུ་གཤེགས་ཁར་ཐུགས་དཀྱིལ་འཁོར་རྣམས་ཁྲོམ་ལ་དཀོན་མཆོག་ལ་མཆོད་པ་ལེགས་པར་ཤམས་གསུང་ནས། ཕྱག་གིས་རྡོ་རྗེ་དྲིལ་བུ་ཐུགས་ཁར་བསྣོལ་ཏེ། འཕོ་བ་མཛད་ནས་གཤེགས་པའི་ཚེ། རྡོ་རྗེ་དྲིལ་བུ་དགེ་སྦྱོང་གི་ཕྱག་ཏུ་གནང་ངོ། ཁོང་པས་ཀྱང་མོས་གུས་ཀྱི་རྟེན་དུ་བཟུང་ནས། ཐུགས་ཀྱི་དགོངས་པ་ལ། བླ་མ་ཅིག་ལ་དབང་བསྐུར་བདུན་ཞུ། དེ་བླ་མ་ཆེན་པོའི་གསོལ་འདེབས་སུ་བྱ། རང་གི་སྔོན་