[A:240]འགྲོ་ཡང་ཡིན། དེ་ནས་འཕོ་བ་བྱས་ནས་བླུ་མའི་ཕྱག་ཕྱི་ལ་འགྲོ་དགོངས་ནས། བླ་མ་གྲགས་པ་འོད་ཟེར་ལ་གྲོགས་བཅོལ་ནས། བླ་མ་ཆེན་པོའི་གསུང་གིས་སློབ་དཔོན་གྲུབ་པ་དཔལ་ལ། དགེ་སྦྱོང་ཀུན་དགའ་རྒྱལ་འདི་ཁྱེད་ལ་མོས་པ་འདུག་པས། འདི་ལ་གང་དགོས་པའི་དབང་དཀའ་རྣམས་ཁྱེད་ཀྱིས་གྱིས་གསུང་པར་གདའ་བགྱིས་ནས་བླ་མ་གྲུབ་པ་དཔལ་སྤྱན་རྡངས་ནས། དབང་ཞུས་ཤིང་འཕོ་བ་སྦྱངས་པས། ཅུང་ཟད་ཐུགས་སྐྱོ་བ་དང་། མཐོན་དམན་དུ་གྱུར་པ། བླ་མ་དང་མཆེད་གྲོགས་རྣམས་ཀྱིས་ཚོར་ནས། གསུང་གླེང་ཞིབ་ཏུ་བགྱིས་པས། ང་དབང་བདུན་ཞུས་ནས་འཕོ་བ་བྱེད་པ་ཡིན་གསུང་། དེ་ནས་བླ་མ་གྲུབ་པ་དཔལ་བས་དུས་ལམ་བབ་པར་འཕོ་བ་བྱས་ན་ལྷ་གསོད་པའི་ཉེས་པ་ཆེན་པོ་བཤད། འཕོ་བ་བྱས་པས་བླ་མ་ཆེན་པོའི་དྲུང་དུ་སླེབ་ཉེན་ཀྱང་མེད། སྐུ་གཞོན་ཤེས་རབ་ཆེ་བ་ཡིན་པས། སློབ་གཉེར་དང་བསྒོམ་བསྒྲུབ་མཛད་ན། རང་དོན་འགྲུབ་ཅིང་གཞན་དོན་འབྱུང་། བླ་མའི་ཐུགས་དགོངས་ཀྱང་དེས་རྫོགས་པ་ཡིན་གསུང་ནས། ཞལ་ད་མང་དུ་མཛད་ཅིང་། དགེ་སློང་བཟང་པོ་ཅིག་དགེ་སྦྱོང་པའི་དྲུང་དུ་བཞག་ནས། འཕོ་བ་མཛད་དུ་མ་གནང་། དབང་དང་ཆོས་བཤད་མང་དུ་མཛད་པས། འཕོ་བ་མི་མཛད་ཅིང་བསྒྲུབ་པ་མཛད་པར་ཞལ་གྱིས་བཞེས་ནས། བླ་མ་དམ་པའི་ཕྱག་རྫས་ཐམས་ཅད་