R1247: བླ་མ་དགེ་སྦྱོང་ཆེན་པོའི་རྣམ་ཐར།

  • Pagination (Witness A): 241
[A:241]དཔོན་རྒན་ཞང་བཙུན་དང་། མི་ཆེན་སང་གྷ་ལ་སོགས་པའི་ཕྱག་དུ་ལེགས་པར་སྤྲད་ཅིང་། དམ་ཁ་དང་། དེའི་ཆ་རྐྱེན་རྣམས་དང་། དཔོན་དོན་གྲུབ་དཔལ་གྱི་ཤུལ་མ་ཉེ་གནས་སངས་རྒྱས་རྒྱལ་མཚན་གྱི་མགོ་བྱས་པ་རྣམས། སློབ་དཔོན་ཆེན་དྷརྨ་ཕ་ལའི་དྲུང་དུ་སྤྲད་ཅིང་། དམ་ཁ་འཛིན་པར་ཞུས་ཏེ། འཁོར་དུ་ཡོད་པ་ཐམས་ཅད་བདག་ཉིད་ཆེན་པོའི་ཆག་ཕྱི་ལ་བཏང་ནས། དགེ་སྦྱོང་པ་ཁོང་རང་འབྱུང་རྒྱུན་གཅོད་ཀྱི་གདམས་ངག་ཞུས་ཏེ། རི་ཁྲོད་འགྲིམ་དགོངས་ནས། གོས་ཆེན་གྱི་ན་བཟའ་རྣམས་སྦྱིན་གཏོང་དུ་མཛད། རས་ཐུལ་ཅིག་བསྣམས་ནས། མང་དཀར་ཉིན་འདེ་རུ། སློབ་དཔོན་འདམ་པ་ལ་རྒྱུན་གཅོད་ཞུ་བར་ཆས་པའི་ཞབས་ཏོག་ལ། བླ་མ་གྲུབ་པ་དཔལ་བས་དགེ་བསྙེན་ཆུང་ངུ་ཅིག་ཏང་ནས་འགྲོན་ཆས་བསྟེགས་པས། སྔར་བླ་མ་ཆེན་པོས་གནང་བའི་འགུ་ཙེ་དང་།་ཕོར་པ་གཉིས་པོ་ལས། ཐབ་ཆས་གཞན་གང་ཡང་མི་གདའ། དེ་གཉིས་དང་ཙམ་པ་བྲེ་འགའ་ཕད་པུ་ཅིག་ཏུ་བླུག་ནས། བྱིས་པ་དེ་ལ་བསྐུར་ཏེ། མང་ཀར་དུ་བྱོན་ནས། རྒྱུན་གཅོད་ཞུས་ཤིང་། མ་ཅིག་ལབ་སྒྲོན་གྱི་གཅོད་དང་གཉིས་ཀ་གནང་ནས་བསྒོམ་པས། ཤིན་ཏུ་བཟང་པོ་བྱུང་བས་ཐུགས་མཉེས་ཏེ། ད་རི་ཁྲོད་འགྲིམ་པས་ཆོག་པར་འདུག ། དེ་ལ་གཅོད་དགོས་སྙམ་ནས། གཉན་ཁྲོད་འགྲིམ་པས། སྟོང་ལྟའི་ཉམ་ཕྱོགས་བཟང་པོ་བྱུང་ངོ། དེ་ནས་སློབ་དཔོན་