[A:242]འདམ་པ་དང་། དགེ་སྦྱོང་པ་ཉིད་དང་། བེ་རི་དགེ་སྦྱོང་བཟང་པོ་ཅིག་དང་། གསུམ་གྱིས་རྒྱ་གར་དུ་གཤེགས་པར་བྱས་ནས། དགེ་སྦྱོང་པའི་དགོངས་པ་ལ། སྐྱ་བོའི་གཞིས་ཁ་ལ་བརྟེན་ལ། དཔོན་དོན་གྲུབ་དཔལ་གྱི་འདས་མཆོད་དེ་མ་ཆག་པར་བྱེད་དུ་འཇུག་དགོས་སྙམ་ནས། མཛད་དུ་བྱོན་ཏེ་དེ་དག་གི་ཞལ་ད་མཛད་ཅིང་ཡོད་པ་ལ། སློབ་དཔོན་འདམ་པས་ངེད་རྒྱ་གར་དུ་འགྲོ། ཁྱེད་མྱུར་བར་བྱོན་བྱ་བའི་ཡི་གེ་བསྐུར་བ། བླ་མ་དུས་འཁོར་བ་ཆེན་པོ་འཇད་ན་བཞུགས་པའི་ཕྱག་ཏུ་བྱུང་ནས། ཁོང་པས་ཡི་གེ་སྣས་ཏེ། དགེ་སྦྱོང་ལ་ཞལ་ད་མང་དུ་བྱོན། ད་ལྟ་བསྐྱལ་པའི་གཞོན་སྐྱེས་ཅིག་ལ་ཁྱོད་པས་ལྷག་པ་མི་འདུག ། ཁྱོད་ཀྱི་བློ་སྣའི་སྐྱེ་ལུགས་དེ་ཤིན་ཏུ་ལེགས། འཇིག་རྟེན་གྱི་ཞེན་པ་ཆོད་ཅིང་། ཆོས་བྱ་བསམས་གྱི་བློ་བརྟན་པོ་སྐྱེས་འདུག ། དེ་ལས་ལྷག་པ་མེད། འོན་ཀྱང་སྐུ་གཞོན་ཤིང་། ཐོས་པ་མང་པོ་མ་བྱས། གདམ་ངག་གི་ཉམས་མྱོང་མེད་པར་རི་ཁྲོད་དང་ས་མཐའ་བསྐོར་ཡང་། བར་ཆད་ཀྱི་རྒྱུར་འགྱུར་ཞིང་། བསྒྲུབ་པ་མཐར་ཕྱིན་པ་དཀའ་བ་ཡིན་པས། ཅིས་ཀྱང་བསྒྲུབ་པ་བྱ་སྙམས་ན། དཔལ་དུས་ཀྱི་འཁོར་ལོའི་སྦྱོར་བ་ཡན་ལག་དྲུག་པ་ལྟ་བུ་བསྒོམ་ཞིང་། ས་ཆུ་འདྲིས་པ་བོད་ཀྱི་རི་ཁྲོད་འདི་ཚོར་བཞུགས་ན་འཐད་པ་ཡིན་གསུང་། འཛད་ཕྱོགས་སུ་ཡུན་རིང་དུ་བསྒོར་བས། འདམ་པ་དཔོན་སློབ་རྒྱ་གར་དུ་སོང་བ་ཁོང་པས་