[A:120]
གསལ། དཔལ་ལྡན་བླ་མ་དམ་པའི་ཐུགས་ཀྱི་རྟེན། སངས་རྒྱས་ཀྱི་ཆོས་ཀྱི་སྐུ་དངུལ་གྱི་མཆོད་རྟེན་བཀྲིས་སྒོ་མངས། དཔངས་སུ་མཐོ་ཕྱེད་དང་བཅུ་གསུམ། རྒྱའི་ངོས་རེ་མཐོ་བ་བདུན་བདུན། མཐའ་བསྐོར་མཐོ་ཉི་ཤུ་རྩ་བརྒྱད། རི་རབ་སྒོ་བཞི་པ་བྲེ་བུམ་གདུགས་ཆར་ཁབ་གཏོག་དང་བཅས་པ་ཆོས་ཀྱི་འཁོར་ལོ་བསྐོར་བའི་མཆོད་རྟེན་ཡིན། རྒྱུ་དངུལ་བྲེ་ཉི་ཤུ་རྩ་བཞི་ལས་བརྡུངས། རྒྱན་ཟངས་ཁལ་བཅུ་བཞི་དང་སྲང་བརྒྱད་ལ་བཟོད་ནས། བཀུད་གསེར་སྲང་བདུན་ཞེ་ལྔ་གསོལ་བ། འཕྲ་རིན་པོ་ཆེ་ཨིནྟྲ་ལ་དང་བཻཌུརྒྱ། མུ་ཏིག །། མུ་མེན། གཡུ་རྙིང་ལ་སོགས་བཅོས་མ་མ་ཡིན་པས་སྤྲས་པ། ཕུལ་དང་བཅས་པའི་བཟོ་བོ་དངུལ་མགར་བ་བོད་ན་མཁས་པ་དཔོན་མོ་ཆེ་བསོད་ནམས་སྐྱེས་སྤྲུན་བཞིས་བཞེངས། དཔལ་ལྡན་བླ་མ་དམ་པའི་ཡེ་ཤེས་ཀྱི་རྟེན་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་སྐུ། འདྲས་བག་ལུགས་མ་སྐུ་ཚད་པད་གདན་དང་བཅས་པ། རྒྱུ་ར་གན་གསེར་མདོག་ཁལ་བརྒྱ་བཅུ་དང་སྲང་བཅུ་བདུན་ལས་བཞེངས། ལྷ་བཟོ་གོང་དང་མཐུན། སྐུ་འདྲ་ལྡེར་ཚོ་སྐུ་ཚད། རྒྱུ་དར་ཟས་སྨན་སྣ། རིན་པོ་ཆེའི་ཕྱེ་མ་འབའ་ཞིག་ལས་བཞེངས་པའི་ལྷ་བཟོ། བོད་ཁ་བ་ཅན་ནི་འགྲན་ཟླ་མེད་ཅིང་། ཡོན་ཏན་ཐམས་ཅད་སྐྱེས་ཐོབ་ཀྱིས་ཤེས་པས། སྤྲུལ་པའི་སྐུར་གྲགས་པ་ཀུན་མཁྱེན་བསོད་ནམས་བཟང་པོས་བཞེངས། ཀུན་མཁྱེན་འདིའི་བློ་གྲོས་ཀྱི་སྟོབས་དང་། ལག་པའི་ཕུལ་གྱིས་བཟོ་རིག་པ་ཐམས་ཅད་ཀྱང་མགོ་བཏོན་པ་འགྲན་ཟླ་མེད་ཅིང་ཕུལ་དུ་བྱུང་བ། ཁྱད་པར་དུ་འཕགས་པ་ཤ་སྟག་བྱུང་བ་ཡིན། སྐུ་འདྲ་གསེར་སྐུ་མཐོ་ཚད་མ་ལྷ་བཟོ་རིན་ཆེན་དཔལ་གྱིས་བཞེངས། རྟེན་འདི་དག་ལ་