[A:16]
དགེ་བ་འབའ་ཞིག་ལ་སྐུ་ཚེ་འཁྱོལ་བས་ཚེ་རིང་བའི་མཆོག་ཟེར་བ་ཡིན། མི་ཚེ་སྡིག་ལ་ཕྱིན་ན་དམྱལ་བ་ཁ་མ་ཁེངས་པ་ཟེར། སྡག་ལ་ཕྱིན་ན་ཚེ་རིང་པ་ཟེར། དེ་འདྲ་ལ་ཚེ་རིང་བའི་མཆོག་མི་ཟེར། ནད་མེད་པ་རྣམས་ཀྱི་མཆོག་ཏུ་གྱུར་པ་ནི། སྐུ་ལུས་འབྱུང་བའི་ཆ་སྙོམས་ཤིང་། ནད་གཅོང་མེད་སྐུ་ཚེ་ཤ་ལ་གཟིམས་མལ་དུ་ཚུད་པའི་བསྙུང་གཞི་གཅིག་ལབ་མ་བྱུང་ཞིང་། རྒྱུན་པར་སྐུ་ཁམས་བཟང་། ཟོ་མདོག་བོད། སྐུ་འདའ་བའི་དུས་སུ་འང་སྨོན་ལམ་གྱི་འཕོན་པ་རྫོགས་པ་མ་གཏོགས། སྙུང་གཞིི་དྲག་པོ་མ་བྱུང་བས་བདག་གཞན་ཐམས་ཅད་བདེ་བ་ལ་རེག་པར་གསུངས་པ་ཡིན་ནོ། ནོར་དང་ལྡན་པ་རྣམས་ཀྱིས་མཆོག་ཏུ་གྱུར་པ་ནི། སྤྱིར་དགེ་འདུན་འཚལ་པ་བས་འབྱོར་པ་དང་ལོངས་སྤྱོད་ཆེ་བ། དབང་དང་མངའ་རིས་ཆེ་བ། དབུས་གཙང་ནའང་འཚམ་པ་ཅི་ཡོད། འོན་ཀྱང་། གཉེན་གཉེན་འདུན། འཁོར་གཡོག །། བྲན་འབངས། མངའ་རིས་ལ་སོགས་ཆོས་དང་མཐུན་ཞིང་ལོངས་སྤྱོད་ཆེས་ཕྱོགས་སུའོ། སྐྱེ་བོ་ཡོངས་ཀྱི་རྟེན་གཞི་བྱེད། ཆོས་དང་ལྡན་པའི་ཆོས་ཀྱི་སྡེ་ཆེན་པོའི་བདག་པོར་གྱུར་པས། རང་གཞན་གྱི་ཆོས་ཀྱི་བྱ་བ་འཕེལ་ཞིང་། མོས་ལས་འགལ་བ་ཤས་ཆུང་ལ། འཇིག་རྟེན་གྱི་བྱ་བ་སྤྱད་པ་རྣམས་ཀྱང་དགོས་པའི་དབང་གིས་དམ་པའི་ཆོས་སུ་འགྱུར་བ། བརླབས་པོ་ཆེའི་སེམས་བསྐྱེད་པ་དང་ལྡན་པའི་གང་ཟག་གི་སྤྱོད་ཡུལ་དུ་གྱུར་པ་ལ་སྤྱོད་པས་མཆོག་ཏུ་གྱུར་པ་ཟེར་བ་ཡིན་ནོ། ཆོས་དང་མཐུན་པ་མ་ཡིན་པའི་ལོངས་སྤྱོད་ཆེན་པོ་ཅན་རྣམས་ནི། སྔོན་གྱི་བསོད་ནམས་ལེགས་པར་འཛད་པ་ཞེས་བྱ་ཡི། ནོར་དང་ལྡན་པའི་མཆོག་ཅེས་མི་བྱའོ། སྐལ་བཟང་བ་རྣམས་ཀྱི་མཆོག་ཏུ་གྱུར་པ་ནི། གཞན་ཐམས་ཅད་ལས་ཀྱང་།