[A:18]
ན་མེད་ཅེས་ཉེ་རིང་ཀུན་གྲགས་པ་འདི་ལ་སྐལ་བ་བཟང་པོ་ཡིན་མོད། བསོད་ནམས་མེད་པའི་མི་དེས་ཅི་བྱས་ཀྱང་མི་ཡོང་བར་གདའ། འཁོར་ལོས་སྒྱུར་བའི་རྒྱལ་པོའང་བསོད་ནམས་བསགས་པ་ལས་བྱུང་བ་ཡིན་པར་གདའ། ཤེས་རབ་ཆེ་བ་རྣམས་ཀྱི་མཆོག་ཏུ་གྱུར་པ་ནི། སྐུ་ཚེ་དཔག་ཏུ་མེད་པར་ཐོས་བསམ་སྒོམ་པ་ལས་བྱུང་བའི་ཤེས་རབ་དང་། ཡི་ཤེས་ཀྱི་ཚོགས་བསོགས། སྒྲིབ་པ་བསྲབས་པས། ཆོས་དང་འཇིག་རྟེན་གྱི་ཆ་གང་ལའང་གཟིགས་པ་དང་གསན་པ་ཙམ་གྱིས་ཐུགས་སུ་ལོན། མགོ་སྨོས་ཙམ་གྱིས་རྣམས་སྤྲོས་གོ། རྣམ་འགྱུར་ཙམ་ལས་རྒྱུན་ཤེས་རིག །། ཟབ་མོ་གཏིང་དཔོགས། རྒྱ་ཆེན་པོ་བློ་ངོར་ཤོང་། འདྲེས་པ་སོ་སོར་འབྱེད་ཤེས། འཐོར་བ་གཅིག་ཏུ་བསྡུད་ཤེས། དབང་པོ་རྣོན་པོའི་གདེག་ཡིན་མོད། དབང་པོ་རྣོ་པོ་ཡང་ཤེས་རབ་ལོག་པར་སོང་བ་ཡང་ཡོད། ཆོས་ཚུལ་གཉིས་ཀའི་ཡིན་ལུགས་དེ་ཤེས། སྐྱོན་སྤོང་ཤེས། ཡོན་ཏན་སྒྲུབ་ཤེས། རང་གཞན་ཀུན་ལ་ཕན་པའི་བྱེད་ཤེས་པ་དེ་ལ་ཡང་དག་པའི་ཤེས་རབ་ཟེར་བས། བདག་ཉིད་ཆེན་པོ་འདི་ལ་ཡོད་པ་ཡིན། མ་ནོར་བའི་ཤེས་རབ་ཡོད་ཙང་། དཀོན་མཆོག་གི་ཡོན་ཏན་ཤེས་པས་དད་པ། འཁོར་བའི་ཉེས་དམིགས་ཤེས་པའི་ངེས་འབྱུང་། སེམས་ཅན་གྱི་སྡུལ་ཤེས་པས་སྙིང་རྗེ། སྤོང་སྒྲུབ་ཀྱི་འབྲུས་ཤེས་པར་བརྩོན་འགྲུབ། དེ་ཐམས་ཅད་ལ་ཐེ་ཚོམ་མེད་པས་སྤོབས་པའང་ཡོང་བར་གདའ་བ། དེ་ཐམས་ཅད་སྐྱེས་བུ་དམ་པ་འདི་ལ་ཚང་བར་བཞུགས་པ་ལགས། མཐོ་རིས་ཀྱི་ཡོན་ཏན་འདི་དག་འགའ་རེ་མཆོག་ཏུ་གྱུར་པ་མང་མོད་ཀྱི། ཐམས་ཅད་འཛོམས་པ་ནི་དཀོན་ཏེ། ཆོས་རྗེ་ས་སྐྱ་པན་ཏིས་ལེགས་པར་བཤད་པ་