R1249: དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་དུ་དྲུང་ཆེན་ཀུན་དགའ་རྡོ་རྗེས་མཛད་པ།

  • Pagination (Witness A): 19
[A:19] ༄༅ ལས། རྫིང་ནང་ཆུ་ཡིས་ཁེངས་པ་ན།། ཕྱོགས་གཅིག་ནས་ནི་འཇིག་པ་ལྟར། གང་ལ་ནོར་དང་ལྡན་གྱུར་པ།། དེ་ལ་རིགས་བརྒྱུད་ཤིན་ཏུ་དཀོན།། བུ་དང་ལྡན་ན་ནོར་ཆེན་དཀོན།། དེ་དག་ལྡན་ན་དགྲ་བོས་འཇོམས།། ཐམས་ཅད་ཕུན་སུམ་ཚོགས་གྱུར་ནས།། མི་དེ་མྱུར་དུ་འཆི་བ་མང་།། ཞེས་པ་ལྟར། གང་ཡང་རུང་བ་དང་མི་ལྡན་ན། མཐོ་རིས་ཀྱི་ལུས་ཡོན་ཏན་ལྡན་པའི་མཆོག་ཅེས་མི་བྱའོ། དེ་ལྟར། སྐྱེས་ཐོབ་དལ་པའི་སྟོབས་ཕུལ་ཏུ་བྱང་། ལེགས་སྦྱང་གཙུག་ལག་ཚུལ་གཉིས་ཐུགས་སུ་ཆུད། སྒོ་གསུམ་སྤྱོད་པ་རྨད་བྱུང་དད་ལྡན། སྐྱོན་མེད་ཡོན་ཏན་རྫོགས་ལ་ཕྱག་འཚལ་ལོ། སྐྱེ་བུ་ཆེན་པོ་འདི་སྐུ་སྐྱེ་བ་དཔག་ཏུ་མེད་པ་ནས། སྐྱོན་སྤོང་བ་དང་ཡོན་ཏན་སྒྲུབ་པ་ལ། བག་ཆགས་གོམས་པ་བྱེད་པའི་རྒྱུ་མཐུུན་པའི་གོང་དུ་སྨོས་པ་བཞིན་དུ་དམ་པའི་ཡོན་ཏན་རྣམས་སྐྱེ་བས་ཐོབ་ནས་ལྷུན་གྲུབ་ཏུ་བྱུང་སྟེ། བུ་ཆུང་གི་དུས་སུང་རང་བཞིན་གྱི་གཙང་སྦྲ་ཆེ་ཞིང་། བག་ཡོད་ལ་ཐུགས་གཞི་ལེགས་པས། བུ་ཆུང་གཞན་ལྟར། རྣབས་དང་མཆིལ་མ་མི་གཙང་བ་བབ་ཅོལ་དུ་འདོར་བ་དང་། ནུ་ཞོ་དང་ཟས་ལ་ཧ་ཅང་སྲེད་པ་དང་། རྩེད་མོ་ལ་ཧ་ཅང་དགའ་ཆེས་པའི་རྣམ་པ་ལ་སོགས་བག་མེད་ཀྱི་སྤྱོད་པ་ཡེ་མི་མངའ་ཞིང་། གསང་བའི་གནས་རྣམས་སྦེད། མི་གཙང་བ་འདོར་བ་གཞན་གྱིས་མཐོང་དགོས་པ་བྱེད། ཁས་ལུམ་བུ་ནོད་པ་ལའང་མི་དགའ། རེས་འགའ་ཏིང་ངེ་འཛིན་ཡོད་པ་ལྟ་བུའི་ལྟ་སྟངས་བྱེད་ཅིང་། རྩེད་མོ་རྣམས་ཀྱང་ལྷ་དང་མཆོད་པ་འབུལ་བ་དང་། དབྱངས་དང་ཆོས་ཉན་བཤད། དབང་བསྐུར་བ་སོགས་ཀྱི་རྣམ་པ་འབའ་ཞིག་བྱེད། ན་བཟའ་ལ་སོགས་གཞན་ལ་སྟེར་བ་ལ་དགྱེས། རྩེད་