R1249: དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་དུ་དྲུང་ཆེན་ཀུན་དགའ་རྡོ་རྗེས་མཛད་པ།

  • Pagination (Witness A): 20
[A:20] གྲོགས་རྣམས་ཀྱིས་གྲོག་སྦུར་ལ་གནོད་པ་བྱེད་པ་མཐོང་ན་སྟོབས་ཅི་ཡོད་ཀྱིས་བཟློག་ཅིང་། མ་ཉན་ན་བཤུམ། མ་དང་སློན་དཔོན་རྣམས་ལ་ཞེ་ས་གཏོང་ཞིང་། སྤྱོད་ལམ་གང་བསླབ་པ་ཉན། གཞན་གྱི་བརྡེག་པ་དང་། སྤྱོས་ཀྱང་མི་ཁྲོ་ཞིང་ལན་མི་ཟློག །། འོན་ཀྱང་རིག་པའི་ངར་དང་བློ་སྟོབས་ཆེ་ཞིང་། འཇིགས་པ་དང་བག་ཚ་བའི་རྣམ་པ་མེད། ཤིན་ཏུ་ཡིད་བཟོ་བས་གཟུགས་བརྙན་རྣམ་པ་ལྷ་བཟོས་པ་འདྲ་བ་ཐོན། གཞན་གྱི་ཡོན་ཏན་མཐོང་བ་ཙམ་གྱིས་ལོབས། དགེ་མི་དགེ་བའི་ལས་རྨི་ལམ་དུ་གསལ་བར་འཆར་བ་གཅིག་བྱུང་སྐད། རང་བཞིན་གྱིས་ཕ་མ་དང་རྒན་རབས་ལ་གུས་པ། དྲིན་ཆེན་ལ་བཟོ་བ། ཉམས་ཆུང་ལ་བྱམས་པ། བློ་གཏད་ལ་མི་སླུ་བ། དཀའ་བ་ལ་མི་སྐྱོ་བ། བྱ་བ་ལ་འགྲུས་པ། ཐབས་ལ་མཁས་པ། འགྲོགས་ལ་གཞུང་བཟང་བ། ལེགས་ཉེས་བླང་དོར་བྱེད་པ། འཕྲལ་ཕུགས་ལ་སྤྱན་རྒྱ་རིང་བ། ཕྲ་མོ་ལ་རྟོག་དཔྱོད་ཞིབ་པ། ཆེན་པོ་ལ་འཕྲུལ་བག་ཆེ་བ། མཁས་པའི་སྐྱེ་བོ་ཡ་རབས་འཛངས་པ་ཞེས་བྱ་བ་ཡིན། སྐུ་ཆུང་ངུ་ཉིད་ནས་ཡི་གེ་ཀློག་པ། འབྲི་བ། རྩིས་ལ་སོགས་རིག་པ་མཐའ་དག་སློབ་པ་ལས་ཤིན་ཏུ་ཡིད་གཞུངས་ཤིང་འགྲུས་པ། སློབ་དཔོན་ལ་གུས་ཤིང་གདམས་ལ་ཆེད་ཆེར་འཛིན་པས། ཚོགས་ཆུང་ངུས་ཕུལ་ཏུ་ཕྱིན་པར་མཁྱེན་ཏེ། རིང་པོ་པོ་མི་ཐོགས་པར་འཇིག་རྟེན་ལུགས་ཀྱི་གཙུག་ལག་དང་། དམ་པའི་ཆོས་ཀྱི་གཙུག་ལག་གི་ཚུལ་གཉིས་ཇི་ལྟར་དགོངས་ཤིང་ཐུགས་སུ་ཆུད་པར་གྱུར་པ་ནི། སྔོན་གྱི་སྐུ་ཚེ་རྣམས་སུ་བསླབ་པ་ལེགས་པར་སྦྱངས་པའི་བྱེད་པའི་རྒྱུ་མཐུན་པ་ལས་བྱུང་བ་ཡིན་ནོ། བདག་ཉིད་ཆེན་པོ་འདིའི་རིགས་པའུ་མཐུ་ལས་འཕེལ་ཏེ། ཡུལ་གྱི་མཐིལ་འདིར་བསྟན་པ་ལ་བཞུགས་པ་རྣམས་