R1249: དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་དུ་དྲུང་ཆེན་ཀུན་དགའ་རྡོ་རྗེས་མཛད་པ།

  • Pagination (Witness A): 21
[A:21] ༄༅ ཀྱང་ཆོས་ཀྱི་སྣང་བ་ཆེན་པོར་གྱུར། ཕལ་པ་ཚོལའང་ཆོས་སྣང་གཞན་ལས་དྲག་པ་ཡོད། སྔོན་མེད་པའི་བཟོ་རིགས་ཁྱད་པར་དུ་འཕགས་པ་སྐྱེས་ཐོབ་ཀྱིས་ཤེས་རབ་སྤྲུལ་པའི་བཟོ་བ་ལ་བུ་མང་པོ་ཡང་བྱུང་སྟེ། རིག་བྱེད་ཐམས་ཅད་སྔར་ལས་ལྷག་པར་མཁས་ཤིང་། གཞན་ལས་ཁྱད་པར་འཕགས་པར་གྱུར་ནས། དབུས་གཙང་ཁམས་སུ་ཐམས་ཅད་དུ་གཙུག་ལག་ཁང་བཞེངས་པ་ལ་སོགས་ཀྱི་ལྷ་བཟོ། ཡི་གེ་པ། ཤིང་བཟོ། བརྩིགས་བཟོ། རིན་པོ་ཆེའི་མགར་བ། ཞལ་མཁན་གྱི་མཐའ་བརྟེན་པ། ཡུལ་འདི་ཁུངས་སུ་བྱས་ནས་འབོད་ཅིང་། འདི་ནས་བསླང་དགོས་ལ་ཡུལ་འདིའི་ཡོན་ཏན་མཁན་པོ་དང་། བཟོ་རིགས་ཐམས་ཅད་ལ་རབ་ཚད་དུ་བྱེད་མ་འདི་བྱུང་བ་ཡིན་མོད། མདོར་ན། རིན་པོ་ཆེ་འདིའི་སྐུ་གསུང་ཐུགས་ཀྱི་སྤྱོད་ལམ་ལ། གནས་ངན་ལེན་གྱི་དྲི་མ་ཤིན་ཏུ་ཤས་ཆུང་། རྒོད་བག་དང་། སྙོམས་ལས། ང་རྒྱལ། བག་མེད་ཀྱི་སྤྱོད་པ་གང་ཡང་མི་མངའ། ངོ་ཚ་ཤེས་ཤིང་ཁྲེལ་ཡོད་ལ། གོང་མ་རྣམས་ཀྱི་རྣམ་ཐར་དང་། སྔར་གྱི་ཚུལ་བཟང་པོ་ལ་བརྟེན་ནས་ཧ་ཅང་བཅོས་མའང་མ་ཡིན། ཧ་ཅང་རང་དགའ་མ་ཡིན། ངོ་ལྐོག་ཏུ་ཞུམ་ཁེངས་མི་མངའ་བར་ཤེས་བཞིན་དུ་སྤྱོད་ཅིང་། ཤེས་བཞིན་དུ་འཇུག་པས། འཇིག་རྟེན་པའི་སྐད་དུ། ཕོ་ཚུགས་བཟང་བ། དང་ཚུགས་བཟང་བ་ཟེར་བ་དེ་ཡིན། བདག་ཉིད་དེ་ལྟར་སྤྱོད་པ་རྨད་དུ་བྱུང་བས། དྲུང་ནས་འདུག་པ་ཐམས་ཅད་ཀྱང་མིག་འདྲེན་བཟང་ཞིང་། ཡ་རབས་ཀྱི་སྤྱོད་པ་འགོ་བ། འཁོར་ལོ་འབར་ངག་དང་དྲག་པོར་བཅོས་མི་དགོས་པར་ཐམས་ཅད་འཛེམ་ཞིང་སྐྲག་པས་ནོན་ཆེ་བ་ཅེས་པ་དེ་བྱུང་བ་ཡིན། སྐུའི་རྣམ་འགྱུར། གསུང་གི།