R1249: དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་དུ་དྲུང་ཆེན་ཀུན་དགའ་རྡོ་རྗེས་མཛད་པ།

  • Pagination (Witness A): 3
[A:3] ༄༅ བྱེད་པར་འགྱུར་བར་ཐེ་ཚོམ་མེད། ཐམས་ཅད་བྱང་ཆུབ་ལུང་བསྟན་ཏེ། ང་ཡི་བྱང་ཆུབ་མཆོག་ཐོབ་འགྱུར། དེ་ངན་འཇིག་རྟེན་སྦྱིན་གནས་གྱུར། སྲིད་པ་གསུམ་གྱིས་མཐར་ཡང་བྱེད། སྔགས་དང་རྒྱུད་ལ་སྔོན་བརྩོན་པས། གྲགས་པ་འཛིན་པར་ཤེས་པར་བྱ། སྟོན་པའི་གསུངས་པ་སྟེང་དུ། དུས་མཐར་འཇིག་རྟེན་ཉམས་པ་ན། སྡོམ་བརྩོན་རྒྱལ་པོའི་ཚུལ་གྱིས་ནི། འབྱུང་བར་འགྱུར་བར་ཐེ་ཚོམ་མེད། ཅེས་དུས་མཐར་པའི་སྟེང་དུ་སྟོན་པའི་བསྟན་པ་རྣམ་པར་ཉམས་ཤིང་སྣང་བ་མེད་པར་གྱུར་པ་ན། སླར་ཡང་ཆེས་ཆེར་གསལ་བར་བྱེད་ཅིང་། སྟོན་པའི་སྐུ་གཟུགས་ཡིད་དུ་འོང་བ། ལྷ་ཆེན་དཔལ་འབར་བྱེད་པར་འགྱུར་ལ། འཇིག་རྟེན་སྦྱིན་གནས་ཆེན་པོར་གྱུར་ནས། གཉའ་དང་རྒྱལ་ཁྲིམས་ལ་སོགས་རྒྱལ་པོའི་ཚུལ་གྱིས་འགྲོ་བ་འདུལ་ཞིང་སྲིད་པ་གསུམ་གྱི་མཐར་ཕྱུང་སྟེ། ཐམས་ཅད་བྱང་ཆུབ་ལུང་བསྟན་ནས། བདག་ཉིད་ཀྱང་བྱང་ཆུབ་མཆོག་འཐོབ་པར་འགྱུར་བ། སྔགས་དང་རྒྱུད་ལ་མངོན་པར་བརྩོན་པས་སྡོམ་བརྩོན་ཆེན་པོར་གྲགས་པའི་ཕྱིར་བརྩོན་འགྲུས་གྲགས་པ་ཞེས་བྱ་བ་ནི། ཞང་འགྲོ་བའི་མགོན་པོ་རིན་པོ་ཆེ་ཡིན་ལ། ཡི་གེ་མ་ཞེས་གཞོན་ནུ་ཞེས། དང་པོ་ཐ་མར་ཆོས་ལ་དགའ། ཞེས་དང་པོ་བསམ་པ་དང་། ཐ་མ་