[A:4]
སྦྱོར་བའི་བདེ་ནས་ཆོས་ལ་དགའ་བ་ནི་དཔོན་ཆེན་དར་མ་གཞོན་ནུ་ཡིན་ཏེ། དེའི་ལྷག་མའི་རྒྱུད་ལས་ཀྱང་། གཞན་ལ་རབ་གནས་འཚོ་བྱེད་པ། དེའི་འོག་ཏུ་ས་སྐྱོང་བ། ས་སྲུངས་འཚོ་བས་གནས་པ་ཡིན་ཞེས་སོ། དེའི་འོག་ཏུ་དེའི་བརྒྱུད་བ་ལས། གཞན་གདུལ་བྱ་དང་། དཀོན་མཆོག་གི་རྟེན་ལ་དབང་བསྐྱུར་ཞིང་རབ་ཏུ་གནས་པ་དང་། བདག་ཉིད་དམ་པས་འཚོ་བར་བྱེད་ལ། ས་ཆེན་སྐྱོང་བའི་བཀའ་ཡིས་ས་སྟེང་སྲུང་ཞིང་བསྟན་པ་དང་འཕྲིན་ལས་རྒྱས་པར་བསྐྱང་བའི་སླད་དུ། སླར་ཡང་འབྱོན་པར། དགོས་འདོད་རེ་སྐོང་མ་ལས། བསྟན་པའི་གཞི་མོ་གཙུག་ལག་བཞེངས། རང་གི་སྐུ་ཚབ་ཤཀྱཱ་ཐུབ་མཛད། སྙིགས་མའི་དུས་སུ་སྤྲུལ་པ་བསྟན། ཞེས་དང་། བླ་མ་འོལ་ཀ་བས། ཁང་རིན་པོ་ཆེ་ལ། ཁྱོད་ཀྱིས་གདན་ས་གཙུག་ལག་ཁང་འདི། དུས་ཕྱིས་དཔོན་སྐྱས་འཛིན་པ་དང་། ཆུས་འཇིགས་པ་ཞིག་ཡོང་བར་གདའ་ཨང་གསུངས་བས། ཁང་རིན་པོ་ཆེའི་ཞལ་ནས། དེའི་དུས་སུ་ང་རང་འོངས་ནས་གྲོགས་བྱེད་པ་ཡིན་ཞེས། ཞལ་གྱིས་བཞེས་པ་ལྟར། རྗེ་བཙུན་རིན་པོ་ཆེ་འདི་ནི། འགྲོ་བའི་མགོན་པོའི་སྤྲུལ་པ་ཡིན་ལ་སངས་རྒྱས་ཐམས་ཅད་གྲོས་བྱས་ནས། སྤྲང་ཕན་འགྲོ་བའི་དོན་དུ་བཀྲལ། ཞེས་གསུངས་པས། འགྲོ་བའི་མགོན་ནི། སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པ་ཡིན་པས། དེ་ཕྱིར་རྒྱལ་བ་ཀུན་དང་སྐུ་གསུང་ཐུགས། དབྱེར་མེད།