[A:51]
རྒྱུད་བླ་མའི་བསྟན་བཅོས་ལས། འཁོར་དང་མྱ་ངན་འདས་ལ་དེའི། སྡུག་བདེའི་སྐྱོན་ཡོན་མཐོ་བ་དེ། རིགས་ཡོད་ལས་ཡིན་གང་ཕྱིར་དེ་དང་། རིགས་མེད་ལ་དེ་མེད་ཕྱིར་རོ། ཞེས་གསུངས་པ་ལྟར་ཞེས་གསུངས་པ་ལྟར། ཐར་པའི་རིགས་ཆད་པ་རྣམས་འཁོར་བར་སྡུག་བསྔལ་ཇི་ཙམ་མྱོང་ཡང་སྐྱོབ་ཏུ་མི་ཡོང་། ཐར་པའི་བདེ་བ་གཡོས་ནས་སྟེར་མཁན་བྱུང་ཡང་ཁར་མི་འགྲོ་བ་གདའ། སྐྱེས་བུ་ཆེན་པོ་འདི་སྐུ་ཚེ་དཔག་ཏུ་མེད་པ་ནས་ཐར་པའི་ཆ་དང་མཐུན་པའི་དགེ་བའི་བག་ཆགས་བསགས་པས། ཐར་པའི་རིགས་རྒྱས་པར་གྱུར་པའི་ཕྱིར། འཁོར་བའི་སྐྱོན་རྒྱུ་ཉོན་མོངས་ལམ་ཟག་པ་དང་བཅས་པ་འདི་ལས། འབྲས་བུ་སྡུག་བསྔལ་གསུམ་རྒྱུན་མི་འཆད་པ་དེ་རིག་ཅིང་གཟིགས། ཐར་པའི་ཡོན་ཏན། རྒྱུ་བདེ་གཤེགས་སྙིང་པོ། ལམ་ཚོགས་གཉིས་ཟུང་འབྲེལ། འབྲས་བུ་དོན་གཉིས་ཕུན་སུམ་ཚོགས་རྒྱུན་མི་འཆད་པ་དེ་རིག་ཅིང་གཟིགས་པས། ཐོག་མ་ཉིད་འཇིག་རྟེན་གྱི་གྲོགས་དང་མི་ཕྲད་ཆགས་སྡང་གི་གཏམ་མི་ཐོས། འདུ་འཛི་དང་འབྲེལ་བ་མེད་པར་ལྟོ་གོས་ཕལ་པ་ཙམ་གྱིས་ཆོག་ཤེས་ཤིང་། གཅིག་བུར་རི་ཁྲོད་འགྲིམས་ནས་སྒྲུབས་པ་རྩེ་ཏུ་བྱོན་པ་ཡིན་ན་དགའ་བ་ལ་བསམ་པ་རྟག་པར་སྐྱེ། འཇིག་རྟེན་གྱི་བྱ་བ། མིང་། བོད་པ་འདི་ཚོ་ལ་རྟག་པར་འཚེར་བ་དང་། སྡུག་པའི་འདུ་ཤེས་མིན་པ་མེད། འོན་ཀྱང་བསྟན་པའི་གཞི་མོ་འདི་བློས་བཏང་ན་གྱི་སེམས་སུ་སོང་དགོས་པས། བཟོད་པ་བསྒོམས་ཤིང་སྡུག་བསྔལ་སྲན་བསྐྱེད་དགོས་བྱུང་བ་ཡིན་མོད་གསུང་། དེའི་ཕྱིར་འཇིག་རྟེན་གྱི་བྱ་བ་མཛད་དུས་ཉིད་ནས། བླ་མ་བཟང་ཚད་བསྟེན། ཆོས་ཐོབ་ཚད་ཞུ། ཕྱག་དཔེ་འདུག་ཚད་གཟིགས། སློབ་གཉེར་ལྕོགས་ཚད་མཛད། དགེ་བའི་བཤེས་གཉེན་