R1249: དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་དུ་དྲུང་ཆེན་ཀུན་དགའ་རྡོ་རྗེས་མཛད་པ།

  • Pagination (Witness A): 53
[A:53] ཐམས་ཅད་དང་ཆོས་ཀྱི་འབྲེལ་གཏམ་མཛད་པས། ས་ལུགས། འཚལ་ལུགས། རྟོག་ལུགས་ལ་སོགས་ཀྱི་ཆོ་ག་ལག་ལེན་འདུ་རྣམས་ཐམས་ཅད་སྐུ་གཞོན་དུས་རང་གནས་བྱང་པོར་མཁྱེན་ཞིང་མཉེལ་བ་མི་མངའ། སྐབས་ནམ་བྱུང་གི་སྐུ་མཚམས་མཛད། དེའི་ལོང་མེད་ཀྱང་ཉིན་མཚན་དོན་མེད་དུ་མ་ཟད་པར། ཐུགས་དམ་ཆོས་སྤྱོད་འབའ་ཞིག་མཛད། དཔོན་སློབ་ཡོན་མཆོད། དཔོན་གཡོག་གི་འབྲེལ་ཡོད་པ་ཚེ་ལས་འདས་ཚད་ལ་ཀུན་རིག་གི་ཆོ་ག་ཚར་དྲུང་པ་རང་གིས་མཛད་པའི་དམ་བཅའ་གདའ། གཞན་ལ་ནི་མི་གསུང་། བར་སྐབས་ཀྱི་སྐྱིད་དང་སྐྱོ་བསངས་དེ་སྐྱེ་བོ་གཞན་བཞི་ནས། སྟོན་མོ་བཟའ་བཏུང་རྩེད་འཇོ་ལ་སོགས་ལ་མི་མཛད་པ་རི་ཁྲོད་བསྐོར་བ་དང་། ཆོས་ཀྱི་ཡོ་ལང་ལ་མཛད་པས། འཇིག་རྟེན་གྱི་བྱ་བ་མཛད་དུས་ངང་རྒྱུད་ཀྱི་ཞི་དུལ་ཡང་། ཆོས་པ་ཕལ་བས་ཆེ། བསླབས་ཤེས་ཀྱི་ཡོན་ཏན་ཡང་དགེ་སེམས་ཕལ་བས་མཁས། ཆོ་ག་ལག་ལེན་ཡང་སྔགས་ཕལ་བས་བྱང་། སྒོམ་བྱུང་གི་ཉམས་མྱོང་ཡང་སྒོམ་ཆེན་ཕལ་བས་བཟང་བར་གདའ། འོན་ཀྱང་ཕྱིམ་པའི་ཚུལ་འཛིན་དུས་སུ། བསྟན་པ་ལ་རྙས་པར་གྱུར་དགོས་པས་ཡོན་ཏན་ཐམས་ཅད་སྦེད་ཅིང་། སུ་ལའང་ཁྱད་དུ་ཡི་གསེད། སྐྱོན་མི་འདོགས། གཞན་ལ་ཚོས་མི་གསུང་། ཆོས་མཛད་ཐམས་ཅད་མཆོད་གནས། བདག་ཉིད་སློབ་མའམ་སྦྱིན་བདག་གི་ཚུལ་དུ་མཛད་པ་ལགས། དེས་ན་ཆོས་སྒོར་ཞུགས་ཚར། ཐམས་ཅད་སྒོ་གསུམ་འདི་ལས་དབོགས་འདོན། དམོད་པ་འདྲ་བ་གཅིག་གདའ་ནའང་། བདེ་མཆོག་སྡོམས་པ་འབྱུང་བའི་རྒྱུད་ལས། མི་རུ་སྐྱེས་པས་འབྲས་བུའི་དམ་པ་དང་པ་སྟེ། རང་གི་ཁྱིམ་ནས་ངེས་འབྱུང་རྙེད་པ་གཉིས་པ་ཡིན། རབ་ཏུ་བྱུང་ནས།