R1249: དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་དུ་དྲུང་ཆེན་ཀུན་དགའ་རྡོ་རྗེས་མཛད་པ།

  • Pagination (Witness A): 57
[A:57] མ་ཀུན་གྱི་ནང་ནས་སྐུ་དྲིན་འགྲན་ཟླ་དང་བྲལ་བ། ཐུགས་འདྲེས་བྱིན་བརླབས་ཞུགས་པའི་བླ་མ། ཟླ་བ་དང་ཉི་མ་ཟུང་ལྟ་བུ་ནི། ཐོག་མར་འགྲོ་བའི་མགོན་པོ་ཆེའི་གདན་ས་པ། བླ་མ་སངས་རྒྱས་རིན་པོ་ཆེ་དང་མཇལ་བ། མོས་གུས་ཚུད། ཆོས་རིན་པོ་ཆེ། འགྲོ་བའི་མགོན་པོ་རིན་པོ་ཆེ་ནས་བརྒྱུད་པའི་གདམས་པའི་སྙན་བརྒྱུད། ཕྱག་ལེན་གྱི་མཐོང་བ་བརྒྱུད། རྟོགས་པའི་དོན་བརྒྱུད་བྱིན་བརླབས་ཀྱི་ཆིག་བརྒྱུད། ཡོན་ཏན་བུམ་པ་གང་བྱོའི་ཚུལ་དུ་ཐོབ་པས། སྐུ་དྲིན་ཆེ་བས་མཚན་མའི་མུན་ནག་ཟླ་བས་གསལ་བ་ལྟ་བུ་ཡིན། དེའི་དྲིན་ལས་ཐོབ་པ། ཨ་བྷ་ཡ་ཀ་ར་ནས་བརྒྱུད་པ་ཞང་འཚལ་པའི་ཕྱོགས་ཀྱི་བྱང་ཆུབ་ཀྱི་མཆོག་ཏུ་སེམས་སྐྱེད་པ། ཞང་གི་ཕྱག་ལེན་རྡོ་རྗེ་ཕག་མོ། རྒ་ལོ་ལུགས་ཀྱི་སྦྱོར་དྲུག །། ཡེར་པ་བའི་ལུགས་ཀྱི་ལམ་རིམ་གྱིས་པ་དང་། ཁ་འཐོར་བ། བེ་བུམ་དམར་པོ། མོན་པ་གདོང་གི་བཀའ་བརྒྱ་པའི་སྐོར། སྒྲུབ་ཐབས་ཕྱི་ནང་གསང་གསུམ། གོང་ཁུང་མ། ཞལ་ཉེ་ལྟར། ཞལ་གདམས། རིན་ཆེན་དབང་གི་གདམས་པ། ཐོད་ནག །། ཁྱུང་། ཚེ་སྒྲུབ། སེར་བ། འཚལ་པའི་རྒྱུན་གཏོར་