[A:97]
སྐུ་གཅིག་དང་། མཛད་པའི་རྒྱུན་གཅིག་གིས་བཞེད་པའི་དོན་མཐའ་དག་རྫོགས། གནས་སུ་མ་འཁྱོལ་བ་དང་། ཐུགས་འཐེང་བ་དང་། གཅམས་པ་མ་གྲུབ་པ་གང་ཡང་མེད་ཅིང་། གདུལ་བྱ་སྐལ་ལྡན་ཐམས་ཅད་བདེ་བ་ནས་བདེ་བར་སོང་། བདག་ཅག་རྣམས་སྐྱབས་གནས་རིན་པོ་ཆེ་འདིའི་ཞབས་ཀྱིས་པད་མོ་ཅུང་ཟད་བསྟེན་པའི་སྐལ་བ་བསགས་པ་རྣམས་ཀྱང་ནམ་གཞུག་ཆད་པའི་རླན་ལྟར་ཟད་པས། མདོ་སྡེ་རྒྱན་ལས། ཇི་ལྟར་ཆུ་ཡི་སྣོད་ཆག་ན། ཟླ་བའི་གཟུགས་བརྙན་མི་སྣང་བ། དེ་བཞིན་སོན་ངན་པ་ལ། སངས་རྒྱས་གཟུགས་ཀྱང་མི་སྣང་ངོ། ཞེས་པ་ལྟར། འདི་ནས་ཞིང་ལས་ཁམས་གཞན་དུ་གཤེགས་པར་བཞེད་པའི་གསུང་དང་། ན་ནིང་སྔ་རབས་ནས་བྱོན། དེ་དགོང་སྔོན་ཆད། མི་རྩིས་པ་རྣམས་ཀྱིས་སྐུ་ཆགས་ཆེ། ཡུན་རིངས་མི་བཞུགས་ཟེར་བ་ཙམ་བྱུང་ནའང་། དེ་འདྲ་ལ་ཏིག་ཏིག་ཙམ་མེད་གསུང་བ་དང་། མོ་མ་རྣམས་ཀྱིས་ང་འཆི་ཟེར་བ་ལ་མངའ་བའི་གསུང་ཞིང་ཞལ་ཚོ་མཛད་པ་ཡིན་ཏེ། ལོ་འགའ་ཟུང་གི་གོང་ནས། ད་ནི་ཉི་མ་ལ་རྩར་སླེབ་པ་ཡིན་ཞེས་སྐབས་སུ་གསུང་། སྒོམ་ཆེན་བསོད་ནམས་དར་གོང་དུ་འགྲོ་ཙ་ན། ང་དང་འཕྲད་འདོ་ན་ལོ་ལྔ་ལ་སླེབ་པ་ཤོག་གསུང་། སྤྲེའུ་ལོ་ལ་གོང་གི་འདུང་སླེབ་ནས། བདག་ཀྱང་འཇིག་རྟེན་གྱི་སྡིག་དང་སྡུལ་དོར་ནས། ཉིད་ཀྱིས་རྣམ་པར་ཐར་པའི་རྗེས་སུ་འཇུག་པའི་ཡིད་སྨོན་ཀྱི་ཕྱིར། རབ་ཏུ་བྱུང་ཞིང་ཆོས་སྒྲུབ་པ་རྩེ་གཅིག་ཏུ་བྱེད་པར་ཞུས་པ་ལ། ཡང་ན་ང་རྒད་པོ་མ་ཤིའི་བར། ཡང་ལོ་གསུམ་གྱི་བར་དུ་སྣ་བསྲིངས། ཞེས་བཀའ་ནན་གྱིས་བཅིངས་པའང་། དེ་འདྲ་དོན་གཅིག་པའི་གསུང་དུ་འདུག །། ཁྱི་ལོ་ལ་དཔལ་གྱི་