[A:༩ན]ཟེ་རྒྱ་མཚོའི་རྡུལ་ཡང་རབ་ཏུ་བྱུང་། ལོ་ཉིས་ཁྲིའི་བར་དུ་ཚངས་པར་སྤྱོད་པ་བྱས་སོ། །དེ་ལྟར་སྙིང་རྗེ་པདྨ་དཀར་པོ་ནས་འབྱུང་བའི་རྗེས་སུ་འབྲངས་ན་བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་སྟོང་དང་ལྔ་འབྱུང་བ་ཡིན་ནོ། །གཉིས་པ་གསང་བ་བསམ་གྱིས་མི་ཁྱབ་པའི་མདོའི་རྗེས་སུ་འབྲངས་ཏེ་སྟོང་འབྱོན་པའི་ཚུལ་ནི་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་མཛེས་པར་སྣང་བ་ལ། འཇིག་རྟེན་གྱི་ཁམས་རྣམ་པར་རྒྱལ་བ་ཞེས་བྱ་བར་སངས་རྒྱས་སྟོན་མཐའ་ཡས་རིན་ཆེན་སྣ་ཚོགས་བཀོད་པའི་རྒྱལ་པོ་ཞེས་པ་བྱུང་། དེའི་ཚེ་ཕོ་བྲང་རྣམ་པར་དག་པ་ཅན་དུ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཡུལ་འཁོར་བསྲུང་ཞེས་བྱ་བ་བཙུན་མོ་བདུན་འབུམ་དང་། སྲས་སྟོང་ཡོད་པ་ཞིག་བྱུང་བ་དེས་སངས་རྒྱས་དགེ་སློང་གི་དགེ་འདུན་དང་བཅས་པ་ལ་ལོ་བྱེ་བར་བསྙེན་བཀུར་ཏེ། དགེ་སློང་རེ་རེ་ལ་ཡང་གཡོག་གསུམ་གསུམ་ཕུལ་ཞིང་། རྒྱལ་བུ་དེ་དག་སངས་རྒྱས་འབྱུང་བ་བརྒྱ་ལམ་རྙེད་པར་འགྱུར། །མིར་སྐྱེ་བ་ཡང་ཤིན་ཏུ་དཀའ་བས་རྙེད། །གྲོགས་པོ་གང་དག་དད་དང་ཆོས་ཉན་པ། །འདི་འདྲ་བསྐལ་པ་བརྒྱར་ཡང་རྙེད་པར་དཀའ། །ཞེས་པ་ལ་སོགས་པའི་ཚིགས་བཅད་འདོན་དུ་བཅུག་སྟེ། ཙནྡན་སྦྲུལ་གྱི་སྙིང་པོའི་ཁང་པ་བརྩེགས་པའི་ནང་དུ་རྒྱལ་པོ་སྲས་དང་བཙུན་མོར་བཅས་པ་བཞུགས་པའི་རིང་ནས་ནམ་མཁའ་ལ་བྱོན་ཏེ་སངས་རྒྱས་ཀྱི་སྤྱན་སྔར་འཁོད་པ་དང་། བཅོམ་ལྡན་འདས་ཀྱིས། རྒྱལ་པོ་ཆེན་པོ་དད་པ་འདི་ཡོངས་སུ་མ་ཉམས་ན་ཁྱད་པར་དུ་འགྲོ་བར་འགྱུར་བའོ། །ཞེས་པ་ལ་སོགས་པའི་ཆོས་བསྟན་པ་ཉན་ནས་རང་གི་ཁྱིམ་དུ་ཕྱིན་པ་དང་།