R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༣བ
[A:༩༣བ]གོས་མེད་པ་ཞིག་ལག་ན་ཉ་གསོན་པོ་འགའ་ཁྱེར་མེ་ལ་འཇུག་ཅིང་སྲེག་པ་མཐོང་ནས། འདི་ལྟར་མ་བྱེད་བྱས་པས། ཉ་བསྲེགས་པ་ཆུར་བཅུག་སྟེ་ཕུས་བཏབ་པས་ཉ་རྣམས་མ་ཤི་བར་སོང་ངོ་། །དེར་ན་རོ་པའི་དགོངས་པ་ལ་འདི་ནུས་པ་དང་ལྡན་པ་ཞིག་འདུག་པས་ཏི་ལོ་པ་ཡིན་ལས་ཆེ་སྙམ་པ་དང་། ཏི་ལོ་པ་ཡིན་ནོ་ཟེར། ཡང་རེས་ཕྱི་འགྲོས་བྱེད་པ་སོགས་སྨྱོན་པ་འདྲ་བར་མཐོང་བས། ཏི་ལོ་པ་མིན་ནམ་སྙམ་པ་ན། མིན་མིན་གསུངས་པས་མངོན་ཤེས་མངའ་བར་ཤེས་ཏེ་ཕྱི་བཞིན་འབྲངས་པས། མི་ཞིག་གིས་རྣལ་འབྱོར་པ་དེ་ལ་རས་ཀྱི་སྟོད་གཡོགས་གཅིག་ཐུར་མས་གཟེར་ཏེ་ཕུལ་བས། ཐུར་མ་དེ་བཏོན་ནས་ན་རོ་པའི་གསང་གནས་སུ་བཅུག་ནས་གར་སོང་ཆ་མེད་དུ་གྱུར་ཏོ། །དེར་གསང་གནས་སྐྲངས་ཏེ་འགྲོ་མི་ཤེས་པར་ཡོད་པ་ལ། ཏི་ལོ་པ་བྱོན་ཏེ་མི་ནའམ་གསུངས་པ་ལ་སྡུག་བསྔལ་ལོ་ཞུས་པས། ཐུར་མ་བཏོན་ཕྱག་གིས་རེག་ནས། རོ་ག་ན་ཧི། ཕོ་ག་ན་ཧི། ན་བ་མེད་ཚ་བ་མེད་ཅེས་གསུངས་པས་དེ་ལས་གྲོལ་ལོ། །ཡང་ཕྱི་བཞིན་འབྲངས་པས། རྒྱལ་པོའི་བཙུན་མོ་སྐྱེད་མོས་ཚལ་དུ་འགྲོ་བ་གཟིགས་ཏེ། སྐྱེས་བུ་སྙིང་སྟོབས་དང་ལྡན་པས་བཙུན་མོའི་ནུ་མ་མཉེད་ནུས་སམ་ཟེར། ནུས་ཞུས་ན་རོ་པས་བྲམ་ཟེའི་ཆ་བྱད་བྱས་མེ་ཏོག་གི་ཕྲེང་བ་ཞིག་བཟུང་སྒོར་བསྡད་པས། ཚུར་ལོག་པ་ན་དེའི་དྲུང་དུ་རིག་བྱེད་སྟོན་པས་བཀྲ་ཤིས་སོ་ཟེར་མེ་ཏོག་གི་ཕྲེང་བ་བཙུན་མོ་ལ་བཅིངས་ནས་ནུ་མ་མཉེས་པས་འཁོར་རྣམས་ཀྱིས་དབྱུག་གུ་བསྣུན་ཏེ་བརྡུངས་པས་ཆེར་སྙུང་བ་ན། སློབ་དཔོན་