R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༢བ
[A:༡༠༢བ]དྲུག་གསོལ་ཏེ་ནམ་མཁའ་ལ་གར་མཛད་ཅིང་སྒྲ་འོད་དང་བཅས་གཤེགས་སོ། །བླ་ཆེན་དེའི་འཁོར་ལོ་བདེ་མཆོག་གི་གསང་མཛོད་འཛིན་པ་ནི་བླ་མ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ་སྟེ། བླ་ཆེན་འདི་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་སུམ་སྟོང་ཉིས་བརྒྱ་དང་ཉེར་ལྔ་ལོན་པ་ཆུ་ཕོ་སྤྲེལ་ལོར་སྐུ་བལྟམས། དགུང་ལོ་བཅུ་གཅིག་བཞེས་པའི་ཚེ་ཡབ་རྗེ་བདེ་བར་གཤེགས། བ་རི་ལོ་ཙཱ་བ་ཆེན་པོས་བུ་བཞིན་བསྐྱངས། དེའི་ཚེ་འཇམ་དབྱངས་བསྒྲུབས་པས་ཕྱི་ནང་གི་བར་ཆད་བསལ་ཏེ། སྒྲོལ་མ་དང་མི་གཡོ་བའི་ཞལ་གཟིགས། ཟླ་བ་དྲུག་ན་འཕགས་པ་འཇམ་དཔལ་གྱི་ཞལ་གཟིགས་ཏེ་ཕར་ཕྱིན་གྱི་གདམས་པ་ཞེན་པ་བཞི་བྲལ་སྩལ། དགུང་ལོ་བཅུ་གཉིས་པ་ལ་རོང་ངུར་སྨྲིག་ཏུ་བྲང་ཏི་དར་མ་སྙིང་པོ་ལ་མངོན་པ་གསན། དེ་ནས་བཟུང་ཁྱུང་རིན་ཆེན་གྲགས། མེས་ལྷང་ཚེར། ཁ་འུབ་པ་རྗེ་བཙུན་དར་མ་རྒྱལ་མཚན་མཆེད། སྒྱི་ཆུ་བ་དགྲ་ལྷ་འབར། གུང་ཐང་གི་མལ་ལོ། པུ་ཧྲང་གི་ལོ་ཆུང་གྲགས་འབྱོར་ཤེས་རབ་སོགས་བླ་མ་མང་དུ་བསྟེན་ནས་དབུ་ཚད། བདེ་ཀྱེ་གསང་གསུམ། གཤིན་རྗེ་གཤེད་གུར་ཞལ་ལ་སོགས་པའི་ཆོས་སྐོར་མང་པོ་གསན་ནས་སྦྱངས་པས་མཁས་པ་ཆེན་པོར་གྱུར། ཁྱད་པར་འཁོར་ལོ་བདེ་མཆོག་གི་ཆོས་སྐོར་རྣམས་ནི། འཁོན་སྒྱི་ཆུ་བའི་གཤེགས་རྫོགས་ལ་ཕེབས་པའི་ཚེ། སྒྱི་ཆུ་བ་བླ་མ་མལ་ལོ་ཙཱ་བའི་སློབ་མ་ཡིན་པའི་སྟབས་ཀྱིས་སྒྱི་ཆུ་བའི་བཞུགས་གནས་ན་བདེ་མཆོག་གི་ཕྱག་དཔེ་མང་དུ་འདུག་པ་རྣམས་བསྣམས་ཏེ། མལ་ལོ་ཙཱ་བ་གུང་