R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༣བ
[A:༡༠༣བ]རིའི་ཁོངས་མི་ལས་འདའ་བའི་ཟབ་ཆོས་སོགས་གསུང་ངག་ཉེ་བརྒྱུད་སྩལ། དགུང་ལོ་ལྔ་བཅུ་བཞེས་པའི་ཚེ་ཞང་སྟོན་གྱི་གདམས་པའི་བཀའ་རྒྱ་གྲོལ་ནས་ཁམས་པ་ཨ་སེང་ལ་གསུང་ངག་གནང་སྟེ། གཞུང་བཤད་ཨ་སེང་མ་མཛད། དགུང་ལོ་རེ་བདུན་བཞེས་པའི་ཚེ་སྐུའི་བཀོད་པ་རྣམ་བཞིར་བསྟན་ནས་གཤེགས་སོ། །བླ་མ་ས་སྐྱ་པ་ཆེན་པོ་ལ་སྤྱིར་སློབ་མའི་མཆོག གྲུབ་ཐོབ་གསུམ། བཟོད་ཐོབ་བདུན། རྟོགས་པ་དང་ལྡན་པ་བརྒྱད་ཅུ། ལམ་འབྲས་ཀྱི་གཞུང་བཤད་གཅེས་པར་འཛིན་པའི་ཐུགས་སྲས་བཅུ་གཅིག ཚིག་རྐང་ལ་རྣམ་འགྲེལ་མཛད་པ་པོའི་སློབ་བུ་བདུན། ཕྱོགས་ཀྱི་མཁས་གྲུབ་ཆེན་པོ་བཞི་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་པ་ལས། འཁོར་ལོ་བདེ་མཆོག་གི་སྒོ་ནས་རྗེས་སུ་བཟུང་ཞིང་རྒྱུད་བྱིན་གྱིས་བརླབས་ཏེ་གདམས་པ་རྫོགས་པར་མནོས་པ་ནི། རྗེ་བཙུན་སྐུ་མཆེད། གཉན་ཕུལ་ཆུང་པ། རྒྱ་སྒོམ་ཚུལ་ཁྲིམས་གྲགས་སོགས་ཡིན་ཞིང་། དེའི་ནང་གི་སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ་ནི་སྟོན་པ་གཤེགས་ནས་ལོ་སུམ་སྟོང་ཉིས་བརྒྱ་དང་དོན་ལྔ་ལོན་པའི་ཆུ་ཕོ་ཁྱི་ལོར་སྐུ་བལྟམས། དགུང་ལོ་གསུམ་བཞེས་པའི་ཚེ་འཇམ་དབྱངས་ཀྱེ་རྡོར་སྒྲོལ་མ་གསུམ་གྱི་ཞལ་གཟིགས། བཅུ་དྲུག་པ་ཡན་ལ་རྒྱུད་མན་ངག་གི་སྒྲོ་འདོགས་ཆོད། བཅུ་བདུན་པ་ནས་ཆ་པའི་དྲུང་དུ་བྱོན་སྔ་ཕྱིར་ལོ་བཅུ་གཅིག་ཏུ་མདོ་ཕྱོགས་ཀྱི་སྒྲོ་འདོགས་བཅད། ཉེར་བདུན་པ་མེ་མོ་ཕག་ལ་ཆོས་ལ་འཇུག་པའི་སྒོ་ཞེས་པའི་བསྟན་བཅོས་ཆེན་པོ་བརྩམས། ཉེར་བརྒྱད་པ་ལ་གསུང་ངག་རིན་པོ་ཆེ་