[A:༡༠༨བ]དྲུག་བཞེས་པའི་ཚེ་ཆོས་རྗེ་ས་པཎ་གྱི་ཕྱག་ཕྱིར་སྐྱིད་གྲོང་དུ་བྱོན། བཅུ་པ་ལ་གཅུང་ཕྱག་ན་དང་བཅས་ཆོས་རྗེ་རྒྱ་ཡུལ་དུ་ཕེབས་པའི་ཞབས་ཕྱིར་ཐེགས། དབུས་སུ་ཆོས་རྗེ་པས་མཁན་པོ། ཟུལ་ཕུ་བ་ན་བཟའ་འཕྲད་གསོལ་གྱིས་སློབ་དཔོན་བགྱིས་ཏེ་རབ་ཏུ་བྱུང་། བཅུ་གཉིས་པ་ལ་རྒྱ་ནག་རྒྱལ་པོའི་ཕོ་བྲང་དུ་ཕེབས། བཅུ་བདུན་ཡན་ལ་ལུང་རྟོགས་ཀྱི་ཡོན་ཏན་ཕུལ་དུ་ཕྱིན་པར་གྱུར། དེའི་ཚེ་ཆོས་རྗེ་པས་བསྟན་པའི་ཁུར་ཆེན་པོ་ཉིད་ལ་གཏད་དེ་དག་པའི་ཞིང་དུ་གཤེགས། བཅོ་བརྒྱད་པ་ལ་ཆོས་རྗེའི་དགོངས་རྫོགས་ལེགས་པར་བསྒྲུབས། བཅུ་དགུ་པ་ལ་རྒྱལ་པོ་ལ་དགྱེས་པ་རྡོ་རྗེའི་སྨིན་བྱེད་ཀྱི་དབང་བསྐུར། ཏི་ཤྲཱིའི་མཚན་གསོལ། དབང་ཡོན་དུ་ཁྲི་སྐོར་བཅུ་གསུམ་ཕུལ། དེ་ནས་བཟུང་བོད་ཁམས་ཐམས་ཅད་རྗེ་བཙུན་ས་སྐྱ་པས་ལུགས་གཉིས་ཀྱིས་བསྐྱངས་སོ། །དགུང་ལོ་ཉེར་གཅིག་པ་ལ། སྙེ་ཐང་པ་གྲགས་པ་སེང་གེས་མཁན་པོ། ལས་སློབ་ཇོ་བརྟན་བསོད་ནམས་རྒྱལ་མཚན། གསང་སྟེ་ཡར་ལུང་པ་བྱང་ཆུབ་རྒྱལ་མཚན་རྣམས་ལས་བསྙེན་པར་རྫོགས། སོ་གཅིག་པ་ལ་སླར་དཔལ་ལྡན་ས་སྐྱར་བྱོན་ཏེ། དབུས་གཙང་ཁམས་གསུམ་ཀུན་ཆོས་དང་ཟང་ཟིང་གི་འབྱོར་པས་བདེ་བ་ལ་བཀོད། སླར་སོ་གསུམ་པ་ལ་རྒྱ་ནག་ཏུ་ཕེབས། དེའི་ཚེ་ལས་ཚན་བཅུ་གསུམ་གྱི་བཀོད་པ་མཛད་ནས་བྱོན་པ་ལ། བཅོམ་ལྡན་རལ་གྲིས། སངས་རྒྱས་བསྟན་པ་བཀའ་ཕྱག་སྤྲིན་གྱིས་སྒྲིབ། །སེམས་ཅན་བདེ་སྐྱིད་མི་དཔོན་ལག་ཏུ་ཤོར། །སྙིགས་དུས་དགེ་སྦྱོང་དཔོན་