[A:༡༢༥ན]ཤུ་རྩ་གྲངས་ཀྱི་སྐབས་རྩེ་གདོང་དུ་རྡོ་རྗེ་ཕུར་བ་གཙོ་བོར་གྱུར་པའི་ཉམས་བཞེས་མཛད་སྐབས། ས་བིར་ཞལ་སྤྲོད། རྡོ་རྗེ་ཕུར་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་རྣམས་ཀྱི་ཞལ་གཟིགས། སོ་གཉིས་པའི་ཚེ་ན་ལེནྡྲར་གསུང་གི་བདུད་རྩི་སྩལ་རྗེས་གཙང་ཕྱོགས་ལ་ཕེབས་པའི་ཡར་ལམ་སྲིན་པོ་རི་མཇལ་དུས་སྲིན་པོ་རིའི་སྐུ་དེ་བདེ་མཆོག་ཞལ་བཞི་ཕྱག་བཅུ་གཉིས་པར་གཟིགས། ཡང་སྐབས་ཤིག་མུས་བསམ་གཏན་ཕུག་ཏུ་རྗེ་འདིས་ལོ་གཅིག་གི་སྒྲུབ་པ་མཛད་པའི་ཚེ་བདེ་མཆོག་ལྷ་ལྔ། རྗེ་བཙུན་རིན་པོ་ཆེ། མུས་ཆེན་སངས་རིན་བིརྺ་པའི་རྣམ་པར་གཟིགས། དེ་དུས་གསུང་ལས། རྗེ་སངས་རྒྱས་རིན་ཆེན་འདི་དུས་ཀྱི་མིན་པ། སེམས་དཔའ་ཆེན་པོ་ལས་ཀྱང་འཇིགས་པ་འདུག་གསུངས། དགེ་སྡིང་མགོན་ཁང་དུ་གུར་མགོན་ལྕམ་དྲལ། ལས་མཁན་པུ་ཏྲ་ཆེན་པོ་དང་བཅས་པ་གཟིགས་ཏེ་འཕྲིན་ལས་འབད་མེད་དུ་བསྒྲུབ་པའི་མཚན་མ་བྱུང་ནས། མགོན་པོ་འཁོར་བཅས་ཀྱི་བསྟོད་པ་དང་། ལྷ་མོའི་བསྐངས་གསོ་འདི་ཡང་དེ་དུས་མཛད། ཡང་བསེ་མགོན་གྱི་དྲུང་དུ་ཐུགས་དམ་རྒྱུན་རིང་མཛད་སྐབས་ཤིག ས་བིར་གཉིས་ཀྱིས་སོ་སོའི་སྐུའི་བཀོད་པ་དྲུག་གི་ངོ་མཚར་གྱི་གཟིགས་སྣང་བསྟན་དེ་གཉིས་ངོ་བོ་གཅིག་ཏུ་རྟོགས། བྱས་འགྱུར་རྡོ་རྗེའི་བྲག་རྫོང་དུ་རྗེ་བཙུན་རིན་པོ་ཆེ་དང་རྡོ་རྗེ་ལྷ་མོ་སོགས་གཟིགས། ལྷག་པར་འཇའ་འོད་ཀྱི་གུར་ཁང་དུ་ཆོས་རྗེ་ས་སྐྱ་པཎྜི་ཏས་འཛུམ་ཞལ་བསྟན་པས་ཉམས་འཕར་ཏེ། ཕྱི་རོལ་ཏུ་སྐུ་