R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༦བ
[A:༦བ]པས་དགེ་བཅུ་ཚང་བ་དཀའ་བ་ཡིན་ནོ་ཞེས་བཤད་དོ། །རྗེ་འདིས་བསམ་ཡས་ཀྱི་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་ཐུགས་ཟིན་པས་ནང་བློན་བཅོལ། དཔལ་འབྱོར་ཤིན་ཏུ་འཕེལ་བས་འཁོན་དཔལ་བོ་ཆེ་ཞེས་བྱ་བར་གྲགས་ཤིང་འཁོན་གྱི་མཚན་གྲགས་དེ་དེ་ནས་བྱུང་ངོ་། །འདིས་གླང་ཁམས་པ་ལོ་ཙཱ་བའི་ལྕམ་མོ་གླང་བཟའ་ནེ་ཆུང་མ་ཁབ་ཏུ་བཞེས་པ་ལ་སྲས་གཉིས་འཁྲུངས་པའི་ཆེ་བ་ལ། འཁོན་ལོ་ཙཱ་བ་ཀླུའི་དབང་པོ་བསྲུང་བ། ཆུང་བ་འཁོན་རྡོ་རྗེ་རིན་པོ་ཆེ་ཞེས་བྱ་ཞིང་། འདིར་རྗེ་བཙུན་ཆེན་པོའི་ས་ཆེན་གྱི་རྣམ་ཐར་ལས། སྒྲ་བསྒྱུར་གྱི་ལོ་ཙཱ་བ་སད་མི་མི་བདུན་ཞེས་བྱ་བ་ལས། གཞོན་གསུམ་གྱི་ནང་ནས་མཁས་པར་བྱེད་པ་འཁོན་ཀླུའི་དབང་པོ་ཞེས་བྱ་བ་ཡིན་ནོ། །དེའི་གཅུང་ཕལ་པ་ཞིག་ལ་སྲས་ཡོན་ཏན་གྱིས་ཕྱུག་པ་རྡོ་རྗེ་རིན་པོ་ཆེ་ཞེས་བྱ་བ་བྱུང་ངོ་ཞེས་གསུངས་པའི་རྗེས་སུ་འབྲངས་ནས། ཡ་རབས་ཁ་རྒྱན་སོགས་
ཉི་ལྡེ། མུས་སྲད་པ། ངོ་མཚར་སྣང་བ་སོགས་
གདུང་རབས་ཁ་ཅིག་ཏུ། ཁྲི་མཛེས་ལྷ་ལེགས། ཚེ་ལྷ་དབང་ཕྱུག ཀླུའི་དབང་པོ། ཚེ་འཛིན་དང་བཞི་བྱུང་བར་བཤད་པ་དང་། ཡང་ཁ་ཅིག་ཚེ་འཛིན་དང་རྡོ་རྗེ་རིན་ཆེན་གཅིག་
ཉི་ལྡེ་གདུང་རབས་ལས་བཤད་
པར་འདོད་པ་དང་། དེ་གཉིས་
ཡ་རབས་ཁ་རྒྱན་དང་།ངོ་མཚར་སྣང་བགཙང་བྱམས་པའི་གདུང་རབས་རྣམས་ལས་ཡབ་སྲས་སུ་བཤད།
ཡབ་སྲས་སུ་འདོད་པ་སོགས་མང་དུ་སྣང་ཡང་། རྗེ་བཙུན་རིན་པོ་ཆེས་མཛད་པའི་འཁོན་གྱི་གདུང་རབས་ལས། འཁོན་ཀླུའི་དབང་པོ་བསྲུངས་པ་ཞེས་བྱ་བ་ནི་སད་མི་མི་བདུན་གྱི་ཡབ་གཅིག་ལགས། དེའི་གཅུང་པོ་འཁོན་རྡོ་རྗེ་རིན་པོ་ཆེ་སློབ་དཔོན་པདྨ་འབྱུང་གནས་ཀྱི་སློབ་མ་བསྟེན་སྔགས་པར་བཞུགས་པ་ཡིན་ཞེས་