R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༧ན
[A:༧ན]དང་། ཀུན་མཁྱེན་ཆེན་པོའི་གསུང་རབ་དགོངས་གསལ་ལས། ལྷོ་པ་ཀུན་མཁྱེན་དང་། བདེ་བ་ཅན་པ་ཡེ་ཤེས་མགོན་པོ་གཉིས་ཀྱིས་ཀྱང་རྡོ་རྗེ་རིན་པོ་ཆེ་ཀླུའི་དབང་པོའི་གཅུང་དུ་བཞེད་པར་བཤད་པ་དང་། གཞན་ཡང་གདུང་རབས་ཆེ་
སྟག་ཚང་གདུང་རབས་དང་བླ་མ་དམ་པའི་དངོས་སློབ་ཤེས་རབ་རྡོ་རྗེས་མཛད་པའི་གདུང་རབས་སོགས་
ཕྲན་མང་པོ་ཞིག་མཐུན་པར་དེ་ལྟར་དུ་འབྱུང་ཞིང་། རྗེ་བཙུན་གྱི་བླ་མ་ས་ཆེན་གྱི་རྣམ་ཐར་ལས། དེའི་གཅུང་ཕལ་པ་ཞིག་ལ་ཞེས་པའི་དོན་རྡོ་རྗེ་རིན་ཆེན་ཀླུའི་དབང་པོའི་གཅུང་གི་སྲས་སུ་བཤད་པ་ལྟར་ན་ཚེ་འཛིན་ཕལ་པ་དང་། དེའི་སྲས་ཕལ་པ་མ་ཡིན་པ་ལྟ་བུ་ཞིག་བསྟན་དགོས་ལ་དེ་ལྟར་ན་ཡབ་སྲས་གཉིས་པོ་དེ་ཕལ་པ་ཡིན་མིན་གྱི་ཁྱད་པར་འབྱེད་དགོས་པ་ལས། དེ་ནི་ཤིན་ཏུ་དཀའ་བར་སྣང་བས་དེས་ན་དེའི་གཅུང་ཕལ་པ་ཞིག་ལ་ཞེས་པ་ནི་ཡི་གེ་མ་དག་པའམ། ཡང་ན་ཀླུའི་དབང་པོ་དེའི་གཅུང་པོ་ནི་ཡུམ་ཕལ་པ་ཞིག་ལ་འཁྲུངས་པའི་སྲས་ཡོན་ཏན་གྱིས་ཕྱུག་པ། མཚན་རྡོ་རྗེ་རིན་ཆེན་ཞེས་བྱ་བ་དེ་ཉིད་ཡིན་ཞེས་པའི་དོན་ཡིན་ཏེ། རྗེ་བཙུན་གྱི་འཁོན་གྱི་གདུང་རབས་དང་། ག་རིང་རྒྱལ་པོ་ལ་རྩིས་བསྡུར་དུ་གནང་བའི་ཡི་གེ་གཉིས་ཀ་ལས། རྡོ་རྗེ་རིན་ཆེན་ཀླུའི་དབང་པོའི་གཅུང་དུ་བཤད་པས། རྗེ་བཙུན་གྱི་གསུང་རབ་ལ་ནང་འགལ་མི་སྲིད་པའི་ཕྱིར། དེས་ན་གཅུང་དུ་འདོད་པ་དེ་བཞིན་འཐད་པ་ཡིན་ཞེས་ས་ལོ་ཆེན་པོའི་གསུང་ལས་འབྱུང་བ་ལྟར་སྔགས་འཆང་ཆོས་ཀྱི་རྒྱལ་པོ་ཡབ་སྲས་རྣམས་ཀྱང་བཞེད་པ་ལགས། དེ་ཡང་ཀླུའི་དབང་པོ་བསྲུངས་པ་ནི་རྒྱ་གར་ཤར་ཕྱོགས་ཟ་ཧོར་གྱི་མཁས་གྲུབ་ཆེན་པོ་གངས་ཅན་གྱི་དཔལ་མགོན་མཁན་ཆེན་ཞི་བ་