R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༦༩བ
[A:༦༩བ]པ། །སྲིད་པའི་འཆིང་བ་གཞན་ཅི་ཡོད་མིན་ཏེ། །དེ་དང་རྣམ་པར་འགལ་བར་གྱུར་པའི་སེམས། །གང་ཡིན་དེ་ནི་ཀུན་ཏུ་རྟོགས་མི་འགྱུར། །ཞེས་གསུངས་སོ།
།ཉེར་ཞིའི་ཞི་གནས་དང་། །བདེ་སྟོང་ཟུང་འཇུག་ལྷག་མཐོང་གཉིས།
སྤྱན་རས་གཟིགས་པད་དཀར་གྱིས། །ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། པྲ་ཕབ་པ་ཡི་རྣམ་པ་ཅན། །རྣམ་པ་ཀུན་གྱི་མཆོག་ལྡན་པ། །ཕྱག་རྒྱ་ཆེན་པོ་མི་འགྱུར་བདེ། །ཞེས་གསུངས་སོ།
།གསང་སྔགས་ཕྱག་ཆེན་ལམ་མཆོག་སྟེ། །ཚེ་འདིར་གྲོལ་འདོད་བསྒྲུབས་ན་ལེགས། །ཚིགས་སུ་བཅད་པ་ལྔ་པོ་འདིའི་དོན་ཁོངས་སུ་ཆུད་ན་ཕྱག་རྒྱ་ཆེན་པོ་དག་པ་དང་མ་དག་པ་ཤེས་པར་འགྱུར་བས་འདི་ལ་དཔྱོད་མཛོད་གསུང་གིན་འདུག རྣལ་འབྱོར་པ་ཕྲུ་མ་པ་ལ་གདམས་པའི་ཚིགས་སུ་བཅད་པ་ལྔ་པ་བི་ཇིས་མདོ་ཁམས་སྨད་གླིང་ཁར་བྲིས་པའོ། །
དྲིས་ལན་གྱི་རིམ་པ་གསུམ་པོ་འདི་སྔོན་ཆད་དར་བར་མ་བྱུང་ཡང་། མདོ་ཁམས་ནས་རྡོ་རྗེ་འཆང་ཀུན་དགའ་དབང་ཕྱུག་གི་ཕྱག་ཏུ་བྱུང་བ་ལ་བྲིས་པ་ཡིན་ནོ། །ཞེས་གསུངས་སོ། །
མཆན་བུ་འདི་ཡང་ཆོས་རྗེ་པའི་གསུང་ཇི་ལྟ་བ་བཞིན་བི་ཇིས་བྲིས་པའོ་ཞེས་འབྱུང་ཞིང་། ཡང་མདོ་སྲང་དུ་ཕེབས་པའི་ཚེ་མི་ཅིག་གིས་དར་ནག་པོ་གཅིག་ལ་གསེར་གྱི་ཐིག་ལེ་མང་པོ་བྱས་པ་ཞིག་ཕྱག་རྟེན་ལ་བྱུང་བ་དེ་ལྷ་རྗེ་བི་ཇི་ལ་གནང་ནས། འདི་ཁྱོད་རང་ཚགས་གྱིས། ནམ་མཁའ་དྭངས་པ་ལ་སྐར་མ་བཀྲ་བ་ལྟ་བུའི་བསྟན་པ་ཅིག་འུ་ཅག་ལ་ཡོང་བ་ཡིན་གསུངས། ས་སྐྱ་པས་རིང་བསྲེལ་བཀག་ཟེར་བ་ཡོད་པ་ལ། དེ་ཡང་། རིང་བསྲེལ་ཕལ་ཆེར་གདོན་ལས་བྱུང་། དཀར་པོའི་ཕྱོགས་ཀྱིས་བྱས་པའང་སྲིད། འབྱུང་བཞི་དག་གིས་བསྐྱེད་པའང་ཡོད། །འཕགས་པ་གསུམ་གྱི་རིང་བསྲེལ་ནི། །ཡོན་ཏན་སྟོབས་ཀྱིས་འབྱུང་བ་སྟེ། །འབྱུང་ཁུངས་ནས་བྱུང་རིན་ཆེན་འདྲ། །དེ་ལ་